Window 8/8.1/10 ནང་བོད་ཡིག་ཡིག་གཟུགས་ཆེ་ཆུང་སྒྲིག་ཐབས།

དྲི་བ་གཏོང་མཁན། འབར་ཞུན།
བཀའ་འདྲི་གཞན་ཞིག་ཞུ་འདོད་པ་ནི། གུས་པས་རྒྱུན་དུ་གློག་ཀླད་ཀྱི་སྒེའུ་ཁུང་ windows 7 སྤྱོད་ཀྱིན་ཡོད་མོད། སྐབས་རེར་གྲོགས་པོ་ཚོས་སྒེའུ་ཁུང་ windows 8 ཅན་གྱི་གློག་ཀླད་རེ་ཁྱེར་ཡོང་ནས་མདུན་ངོས་ཀྱི་བོད་ཡིག་ཆེ་རུ་གཏོང་དགོས་པར་སྐུལ་མོད། ཁོ་བོས་ཚོད་ལྟ་ཅི་ཙམ་བྱས་ཀྱང་སྒེའུ་ཁུང་བརྒྱད་པའི་སྟེང་ནས་བོད་ཡིག་ཇི་ལྟར་ཆེ་རུ་གཏོང་དགོས་རྩ་ནས་མ་ཤེས་ལ། གཞན་འགའ་རེར་དྲིས་ཀྱང་མི་ཤེས་པས། དོན་ངོ་མར་སྒེའུ་ཁུང་བརྒྱད་པ་ལའང་སྒེའུ་ཁུང་བདུན་པ་ལྟར་མདུན་ངོས་ཀྱི་བོད་ཡིག་ཆེ་རུ་གཏོང་ཐུབ་བམ། གལ་ཏེ། ཐུབ་ཚེ་ལམ་སྟོན་ཞིག་གནང་རོགས།

འདི་ན་སྐབས་དོན་ཆད་འདོད་པ་ནི་ཟླ་ཤས་སྔོན་དྲ་རྒྱའི་ཐོག་ window 8 and 8.1 Font Changer ཞེས་པའི་མཉེན་ཆས་ཆུང་ཆུང་ཞིག་ཐོན་པ་དང་། མི་མང་པོས་མཉེན་ཆས་དེའི་སྐོར་འགོད་སྤེལ་བྱེད་ཀྱི་འདུག །འོན་ཀྱང་མཉེན་ཆས་དངོས་གནས་དེ་རགས་ཐབས་ནི་བྱེ་ཐང་ནང་ནང་ལྡེ་མིག་འཚོལ་བ་འདྲ་པོ་རེད་འདུག །དེར་བརྟེན་སྐབས་ཤིག་རིང་འཚོལ་རྒྱུ་མཚམས་བཞག་པ་ཡིན། དེ་ནས་བདུན་ཕྲག་གསུམ་གྱི་གོང་ལ་ལྟེ་དབང་གི་གུས་པར་དྲ་ཚིགས་ཤིག་ནས་མཉེན་ཆས་དེ་ཕབས་ལེན་བྱེད་ཐུབ་སོང་། མཉེན་ཆས་དེ་རགས་པ་དང་རང་ཉིད་ཀྱི་གློག་ཀླད་ནང་ཚོད་ལྟ་བྱས། ཡག་པོ་འགྲོ་གི་འདུག །མཉེན་ཆས་དེ་དམིགས་བསལ་སྒྲིག་འཇུག་བྱེད་མི་དགོས་པའི་ཁར་མཉེན་ཆས་ཁ་ཕྱེ་པ་དང་བེད་སྤྱོད་བཏང་མཆོག་མཆོག་རེད་འདུག

སྐར་ཁུང་ 8/10 པའི་ནང་བོད་ཡིག་ཡིག་གཟུགས་སྒྲིག་སྟངས།

༡ ༽མཉེན་ཆས་དེ་ཁ་ཤར་བ་དང་། བྱེད་སྟངས་སྐར་ཁུང་བདུན་པ་ལྟར་རེད།
འདེམས་གའི་ནང་ item = IconFont དང་ Font = Monlam Uni Ouchan1
ཡིག་གཟུགས་དེ་ཁྱེད་ཀྱི་འདོད་མོས་རེད། དེ་ན་ Apply ཐོག་སྣོན།

༢ ༽ སྐར་ཁུང་སྒོ་བརྒྱག་པའི་སྔོན་བརྡ་བཏང་བ་དང་། Log Off ཐོག་གནོན་དགོས།

༣ ༽ སྐར་ཁུང་ངོས་ཀྱི་ཡིག་ཆ་ཁག་གི་མིང་བོད་ཡིག་ནང་ཡོད་པ་དེ་དག་ཤར་ངེས། དེ་ནས་ཆེ་ཆུང་གཏོང་དགོས་ཚེ། འོག་ནས་ལམ་སྟོན་བྱས་ཡོད།

༤ ༽ དེ་ནས་གློག་ཀླད་མདུན་ངོས་ (Desktop) ནས་ཙི་ཙི་གཡས་པ་གནོནནས་ Personalize འདེམས།

༥ ༽ དེ་ནས་གཡོན་ངོས་གཤམ་དེར་ Display ཐོག་གནོན།

༦ ༽ སྡེ་ཚན་དེའི་ནང་སྐར་ཁུང་གི་ཡིག་གཟུགས་ཆེ་ཆུང་སྒྲིག་ས་དེ་རེད། དེ་ནས་གཤམ་གྱི་ Change only the text size གི་འདེམས་གའི་ནང་དང་པོ་ Icon འདེམས་དགོས། དེ་ནས་ཡིག་གཟུགས་ཆེ་ཆུང་ཇི་དགོས་ཨང་གྲངས་ 8, 9, 10…སོགས་གང་དགོས་ཁྱེད་ཀྱིས་འདེམས་ནས། མཐའ་མ་དེར་ Apply ཞེས་གནོན་དགོས།

ཕབ་ལེན་དྲ་གནས། MEGA GDRIVE BAIDU (PassCode: gxj6 )

དེ་ལྟར་སྐར་ཁུང་ 8 པའི་ནང་བོད་ཡིག་ཡིག་གཟུགས་སྒྲིག་སྟངས་ཆ་ཚང་འཚར་བ་རེད། གལ་ཏེ་ཁྱེད་ལ་གསལ་པོ་མ་མཁྱེན་པའི་གདོགས་གཞི་འཆར་ཚེ་གཤམ་ལ་གུས་མཆན་དང་ཡིག་འབྲེལ་གནང་རོགས།

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

3 Responses

  1. window 10 font changer གྱི་སྐོར་ལ་བཀའ་འདྲི་གཞན་ཞིག་ཞུ་འདོད་པ་ནི། གུས་པས་རྒྱུན་དུ་གློག་ཀླད་ཀྱི་སྒེའུ་ཁུང་ windows 10 སྤྱོད་ཀྱིན་ཡོད་མོད། ཁྱེད་ཀྱིས་གསུངས་པ་ལྟར་གྱི་བརྙན་ཚིག་ཕན་ལན་བྱ་བྱེད་དེ་འདིར་ཤར་གྱི་མི་འདུག་པར་སོང་ཕབ་ལེན་བྱེད་ཐུབ་མ་སོང་། གང་འདྲ་སེ་ཕབ་ལེན་བྱེད་དགོས་ཀྱི་ཡོད་གསུང་རོགས་གནང་། ཁོ་བོས་ཚོད་ལྟ་ཅི་ཙམ་བྱས་ཀྱང་སྒེའུ་ཁུང་བཅུ་པའི་སྟེང་ནས་བོད་ཡིག་ཇི་ལྟར་ཆེ་རུ་གཏོང་དགོས་རྩ་ནས་མ་ཤེས་ལ། གཞན་འགའ་རེར་དྲིས་ཀྱང་མི་ཤེས་པས། གལ་ཏེ། ཐུབ་ཚེ་ལམ་སྟོན་ཞིག་གནང་རོགས།

  2. ཨ་མདོ་ས་བྲིས་ཡིག་གཟུགས་སྤྱོད་སྐབས་ནམ་མཁའ་ཞེས་པའི་ནམ་དེ་བསྐུང་ཡིག་བཟོ་སྐབས་ནའི་མགོ་ལ་ཐིག་གཉིས་བྱེད་པ་ཞིག་བཟོ་དགོས་ན་ག་འདྲ་བྱེད་བཟོ་དགོས་མེད་སློབ་སྟོན་ཞིག་བཀྲིན་ཞུ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།