Xiaomi Redmi 3s Prime

འདི་ལོའི་ཟླ་བ་བརྒྱད་པའི་ནང་ Xiaomi Redmi 3S Prime ཟེར་བའི་ལག་ཐོག་ཁ་པར་ཐོན་གསར་ཞིག་ཁྲོམ་རྭར་སྤེལ་ཡོད། ཁ་པར་གྱི་བརྙན་ཡོལ་ལ་ཨིན་ཆི་ལྔ་དང་འབྱེད་ཕྱོད་ 720×1280 pixel རྒྱ་གར་ནང་སྒོར་ Rs. 8999 བྱས་ནས་གཙོང་གི་འདུག

Xiaomi Redmi 3S Prime ཁ་པར་གྱི་ནང་འཁྲོལ་དུ་ 1.1GHz octa-core Qualcomm Snapdragon 430 processor, RAM=3GB, གསོག་ཆས་ནང་མར་ 32GB དང་ཕྱི་གསོག་ microSD ཅན་གྱི་ 128GB དེའི་སྟེང་ཁ་སྣོན་དུ་བཅུག་རྒྱུ་ཡོད་འདུག དཔར་ཆས་སྐོར་བཤད་ན། རྒྱབ་ལ་ 13 MegaPixel དང་མདུན་ངོས་སུ་ 5 MegaPixel གྱི་དཔར་ཆས་ལེགས་པོ་འདུག

Xiaomi Redmi 3S Prime དེ་ནི་ཨན་ཌོ་དྲུག་པའི་ཁ་པར་ཡིན་ཁར་གློག་མེ་གདང་ཤུགས་ཆེན་པོ་དོན་དུ་གློག་མེ་ 4100aAh བཅུག་ཡོད། ཁ་པར་གྱི་རྒྱ་ཁྱོན་ཚད་གཞི་ནི་ 139.30 x 69.60 x 8.50 (རིང་ཚད། x ཞེང་ཚད། x མཐུག་ཚད།) ཡིན་པ་དང་། ལྗིད་ཚད་ལ་ 144.00 grams ཟིན་གྱི་འདུག

ཁ་པར་གསར་པ་དེའི་ནང་བྱང་བུ་གཉིས་བཅུག་ས་ཡོད་པ་དང་། ཁ་པར་གྱི་སྤྱིར་བཏང་མཐུན་གཞན་ Wi-Fi, GPS, Bluetooth, FM, 3G, 4G, LTE སོགས་ཚུད་ཡོད། རིན་གོང་འདི་ལ་དཔག་པའི་ཁ་པར་ནང་མའི་ཚད་གཞི་མཐོ་པོ་འདུག

ཁ་པར་གྱི་ཚད་དཔྱད་དང་། ཚད་གཞི། རིན་གོང་།

ཐ་སྙད་གསར་པ།

བརྙན་ཡོལ།: Screen 屏幕 [ཁ་པར་དང་གློག་ཀླད་སོགས་ངོས་སུ་ལྟ་སའི་འཆར་ཤེལ་ལ་གོ]
འབྱེད་ཕྱོད།: Resolution 分辨率 [བརྙན་ཡོལ་སོགས་ཀྱིས་སྟོན་ཐུབ་པའི་མཚོན་དང་རི་མོའི་སྤུད་ཚད་ལ་གོ]
བྱང་བུ། : SIM []

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།