PowerPoint ནང་དཔར་བཟོའི་ཇུས་འགོད།

PowerPoint ནི་ཚོང་ལས་དང་ཚོགས་པ་སོགས་ལ་ལས་གཞི་དང་ལས་འཆར་འགྲེལ་བརྗོད་སྐབས་བརྙན་ཡིག་ལམ་ནས་སྟོན་བྱའི་མཉེན་ཆས་ལེགས་ཤོས་ཤིག་ཡིན་ལ། PowerPoint གི་ནང་ཡོད་པའི་དཔར་བཟོ་ལག་ཆ་དང་མཐུན་རྐྱེན་མི་ཉུང་བ་ཞིག་གིས་དཔར་རིས་དང་ཁྱབ་བསྒྲགས་ཀྱི་ཇུས་འགོད་བྱེད་རྒྱུའི་ཆེད་དུའང་བེད་སྤྱོད་ཡོང་གི་ཡོད།

མི་མང་པོས་ PowerPoint དེ་སློབ་ཁྲིད་ཁོ་ནའི་ཆེད་དུ་མ་ཡིན་པར་རིག་པ་གསར་པ་རྙེད་པའམ་རིག་པ་གསར་པ་སྤྱད་དེ་ཉིན་རེའི་དགོས་མཁོའི་འདྲ་རིས་བཟོ་ཆེད་དུ་སྤྱད་ཀྱི་ཡོད། སྐབས་འགར་PPTམཉེན་ཆས་འདིས་Photoshop དང་ Illustrator ནང་བཞིན་བེད་སྤྱོད་ཡོང་གི་འདུག འདིར་གུས་པས་ PowerPoint སྤྱད་དེ་དཔར་རིས་དང་འདྲ་རིས་ཇུས་འགོད་ཆུང་ཆུང་ཞིག་བྱེད་ལུགས།

བརྙན་ཟློས་འདིའི་ནང་ PPT གི་ཡོ་ཆས་ Shape ལེན་ཏེ་གྲུ་བཞི་དང་སྒོར་སྒོར་ནང་རི་མོ་བླུགས་སྟངས། Shape མང་པོ་ཞིག་ཕྱོགས་གཅིག་དུ་བསྡུས་སྟངས། དེ་ཡོང་ཐབས་ལ་ Merge Shape སྤྱད་དགོས་པ་གཟིགས་ཐུབ།

[fvplayer id=”3″]བརྙན་ཟློས་འདི་རིགས་དུས་ཐོག་གཟིགས་ཐུབ་ཆེད་གུས་པའི་ཡུ་ཊུབ་དྲ་གནས་ www.youtube.com/hisonamdawa/ ཐོག་ངེས་ཕེབས་དང་ SUBSCRIBE གནང་རྒྱུ་མ་བརྗེད་རོགས། དྲ་གྲོགས་མང་པོས་ཤེས་བྱང་འདི་རིགས་ཕན་ཐོན་ཡོང་སླད་སྐུ་ཉིད་ནས་ཀྱང་སོ་སོའི་དྲ་གྲོགས་གཞན་ལ་ངོ་སྤྲོད་རྒྱུད་སྤེལ་ཡང་གནང་རོགས་ཞུ།

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།