Window 7 ནང་ Hibernate འདེམས་ཀ་སྤྱད་སྟངས།

རྩོམ་ཡིག་གི་གཤམ་གཤམ་དུ་བརྙན་ཟློས་ལམ་ནས་སྐར་ཁུང་བདུན་པ་དང་བརྒྱད་པའི་ནང་ Hibernate ཟེར་བའི་འདེམས་ག་དེ་སྒྲིག་སྟངས་སྟོན་གྱི་ཡོད། སྤྱིར་སྐར་ཁུང་ཁ་བརྒྱག་སྟངས་སྣ་ཁ་ཁ་ཤས་ཡོད། དཔེར་ན། Shutdown, Sleep, Log Out, Hibernate, Restart བཅས་ཡིན། སྔོན་ལ་དེ་དག་གི་གོ་དོན་ཕྲན་ཙམ་འགྲེལ་རྒྱུ་དང་། དེ་ནས་སྐར་ཁུང་ནང་ Hibernate ཟེར་བ་དེ་སྤྱོད་རྒྱུར་དགེ་མཚན་ངོ་སྤྲོད་བྱེད་རྒྱུ་ཡིན།

Sleep

སྐར་ཁུང་བེད་སྤྱོད་མེད་པའམ་བེད་སྤྱོད་མ་གཏོང་བའི་དུས་ཚོད་ཚད་གཞི་ཞིག་(སྐར་མ་ ༥ ཡང་ན་སྐར་མ་ ༡༠) གི་རྗེས་འཆར་ངོས་ནག་ཁུང་ཆགས་འགྲོ་བ། དེས་གློག་ཀླད་ཤི་གི་མེད་ཀྱང་གློག་འགྲོན་ཉུང་དུ་འགྲོ་བ་དང་། དམིགས་བསལ་པང་ངོས་གློག་ཀླད་(laptop)དེ་དག་གི་གློག་མེ་དུས་ཚོད་མང་བ་འདེང་ཐུབ། གློག་ཀླད་ཤི་མེད་པས་དུས་ཚོད་མང་པོ་སོང་ན་གློག་ཀླད་ཀྱི་གློག་མེ་རྫོགས་སྲིད།

Log Out

ལས་བྱ་དང་མཉེན་ཆས་ཁ་ཕྱེ་ཡོད་པ་རྣམས་ཁ་བརྒྱག་ཏེ་སྤྱོད་མིང་ཐ་བཀོད་སའི་ཐོག་སླེབས་ཀྱི་རེད། གློག་ཀླད་མི་ཤི།

Hibernate

གློག་ཀླད་ཤི་གི་རེད། འོན་ཀྱང་རྗེས་ཕྱོགས་གློག་ཀླད་སྤར་བའི་སྐབས་སྔ་མའི་ལས་བྱ་རྣམས་དེ་མུར་ཁ་ཕྱེ་ཡོད་པས། ལས་བྱ་མུ་མཐུད་ཐུབ་པའི་དགེ་མཚན་ཡོད། མ་ཟད་གློག་ཀླད་ཁ་ཕྱེ་མགྱོགས་བ་ཡོད།

Restart

གློག་ཀླད་ཐོག་ཁ་ཕྱེ་ཡོད་པའི་མཉེན་ཆས་རྣམས་ཁ་བརྒྱག་ནས་གློག་ཀླད་ཐེངས་གཅིག་ཤི་ནས་བསྐྱར་དུ་འབར་གྱི་ཡོད།

Shutdown

གློག་ཀླད་ཐོག་ཁ་ཕྱེ་ཡོད་པའི་མཉེན་ཆས་རྣམས་ཁ་བརྒྱག་ནས་གློག་ཀླད་ཤི་འགྲོ་ཡི་ཡོད།

Hibernate སྤྱད་པའི་དགེ་མཚན།

  • སྐར་ཁུང་གི་གློག་མེ་འགྲོ་གྲོན་མེད་པ།
  • སྐར་ཁུང་ཁ་འབྱེད་རྒྱུར་དུས་ཚོད་ཉུང་ཤོས་ཆགས་ཐུབ་པ།
  • རྒྱུན་དུ་སྤྱོད་བཞིན་པའི་མཉེན་ཆས་ཁ་རྒྱོབ་མི་དགོས་པ།
  • སྔ་མའི་ལས་འཕྲོ་མཇུག་སྐྱང་ཐུབ་པ།
  • སྐར་ཁུང་རིམ་སྤར་དགོས་རིགས་ཡིག་ཆ་རྣམས་རྒྱབ་ལྗོངས་སུ་ཕབ་བཤུ་དང་དུས་གཅིག་ལ་རིམ་སྤར་བྱེད་ཐུབ་པ།
Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།