Photoshop ནང་རི་མོ་འབྲི་ཐབས།

རི་མོ་འབྲི་རྒྱུ་ནི་ངའི་དགའ་མོས་ཞིག་ཡིན། འོན་ཀྱང་རི་མོའི་སྐོར་སློབ་སྦྱོང་དམིགས་བསལ་མེད་པ་ཞིག་གིས་རི་མོ་ཡག་པོ་ཞིག་འབྲི་ཐུབ་རྒྱུ་ནི་ལས་ལྷ་པོ་ཞིག་མིན་འདུག །ཞར་ཞོར་དུ་དྲ་ཐོག་ནས་སློབ་སྦྱོང་རེ་ལེན་ནས་ཡང་བྲིས་བསྐྱར་བྲིས་མང་པོ་ཞིག་བྱས་མཐར་ཡར་རྒྱས་འགྲོ་རྒྱུ་ཡིན་པ་ནི་སྨོས་མི་དགོས།

གོང་གི་རི་མོ་འདི་ནི་ Photoshop མཉེན་ཆས་སྤྱད་དེ་བཟོ་པ་ཞིག་ཡིན། རི་མོ་དེ་བཟོ་རྒྱུར་དང་ཐོག་ཤོག་བུའི་ཐོག་གཟུགས་པོའི་འཁྱེར་བཟོ་རགས་བསྡུས་ཞིག་ནས་འགོ་བཙུགས་ན་འགྲིགས། གལ་ཏེ་གློག་ཀླད་སྟེང་ཐད་ཀར་འབྲི་ཐུབ་ན་དེ་ལྟར་བྱས་ནའང་ཆོག །རི་མོ་མཁས་ཅན་མང་པོ་ཞིག་གིས་རང་གིས་གོམས་དྲིས་སུ་སོང་བའི་མཉེན་ཆས་རེ་སྤྱོད་ཀྱི་འདུག །དེ་དག་ལས་མང་ཤོས་སུ་ Photoshop དང་ Paint Sai, Krita, Corel Painter, AutoDesk Sketch Book, Gimp སོགས་ཡིན། མཉེན་ཆས་དེ་དག་ལ་རང་རང་སོ་སོའི་ཁྱད་ཆོས་དང་འགྲོ་སྟངས་ཕྲན་བུ་མི་འདྲ།

གློག་ཀླད་ནང་རི་མོ་འབྲི་མཁན་དང་སྦྱོང་མཁན་ཐོག་མ་ཡིན་མཁན་ལ་མཉེན་ཆས་དེ་ལེགས་ཤོས་དང་མཉེན་ཆས་དེ་སྤྱོད་དགོས་ཟེར་རྒྱུ་ཞིག་མིན་འདུག །རྒྱུ་མཚན་ནི་ང་ཚོས་ཚང་མས་ཤེས་གསལ་ལྟར་རི་མོ་ཞིག་ལེགས་པོ་འབྲི་ཐུབ་མིན་ནི་གཙོ་བོ་དོ་དག་རི་མོ་བྲིས་མཁན་གྱི་ལག་རྩལ་དང་། རི་མོ་འབྲི་བྱེད་ཀྱི་མཉེན་ཆས་གང་རུང་ཞིག་ཆ་རྒྱུས་ཇི་ཙམ་ཡོད་མིན་ལ་རགས་ལས་པས་སོ།
རང་ཉིད་ལ་ཆ་བཞག་ན་ Photoshop ལོ་མང་བེད་སྤྱོད་བྱེད་མྱོང་བས་རི་མོ་འབྲི་བྱེད་དུ་མཉེན་ཆས་འདི་ཉིད་་སྤྱོད་ཐུབ་ན་དགེ་མཚན་དུ་མཐོང་། དེའི་སྟེང་མཉེན་ཆས་དེའི་སྐོར་གྱི་ཤེས་བྱ་དང་སློབ་སྟོན་ཞུ་ས་ཁྱབ་རྒྱ་ཧ་ཅང་ཆེ་བས་རང་ཉིད་ཤེས་བྱ་འདིའི་ཐོག་འཇུག་རྒྱུར་ལས་ལྷ་བ་ཡིན།

ད་ཆ་རི་མོ་འབྲི་བྱེད་ཀྱི་མཉེན་ཆས་གསར་པ་མང་པོ་ཞིག་རིམ་པས་ཁྲོམ་རྭའི་ནང་ཐོན་ཡོང་གི་ཡོད་ཀྱང་། མཉེན་ཆས་དེ་དག་ལེགས་ཆ་མང་ཡོད་པ་དང་བེད་སྤྱོད་ཚོད་ལྟ་བྱེད་མཁན་མང་པོ་ཡོད། མཉེན་ཆས་དེ་དག་སྤྱད་པའི་རྒྱུད་རིམ་ནང་གལ་ཏེ་དཀའ་ཚེགས་རིགས་འཕྲད་ན་དེའི་སྐོར་གྱི་གནས་ཚུལ་ཞིབ་རྒྱས་དང་དཀའ་ཚིགས་སེལ་ཐབས་དེ་བཞིན་ཤེས་ཡོན་དང་ཉམས་མྱོང་བརྗེ་རེས་བྱེད་སའི་སྟེགས་བུ་རྒྱ་ཆེན་པོ་མེད། འོན་ཀྱང་ཚོད་ལྟ་བྱེད་རྒྱུ་དང་རྒྱུད་མངའ་ལོན་རྒྱུ་གལ་ཆེ་བ་མཐོང་། གཙོ་བོ་རང་ཉིད་ཀྱི་རེ་འདུན་ལྟར་རི་མོ་ལེགས་པོ་གྲུབ་ཐུབ་ན་འདི་གལ་ཆེ་ཤོས་རེད་དྲན།

ད་གཙོ་བོ་འདི་རིང་གི་རི་མོ་འདི་སྐོར་རོབ་ཙམ་འགྲེལ་ན།

དང་ཐོག་ངས་ photoshop ནང་རི་མོ་ཇི་ལྟར་འབྲི་དགོས་མིན་གྱི་བརྙན་ཟློས་ཁག་མང་པོ་ཞིག་ནས་སློབ་སྦྱོང་བྱེད། སློབ་སྟོན་པ་སོ་སོས་རི་མོ་འབྲི་བའི་སྐབས་ཀྱི་འགྲོ་ལུགས་འགྲོ་སྟངས་མི་འདྲ་བ་རེ་འདུག་ལ། དགོས་པ་རྒྱུ་མཚན་ཡང་མི་འདྲ། དེ་དག་ཉན་ཞོར་ལྟ་ཞོར་དང་ས་སོའི་དགོས་པ་ལའང་གཞིགས་ཏེ་ལྡེའུ་བཅུད་ལེན་བྱེད་ཐབས་སྤྱད།

ངས་རང་སྦྱོང་བྱེད་སའི་བརྙན་ཟློས་ལེགས་ཤོས་ཁག་ནི།
[Digital Tutor] Fundamentals Of Digital Drawing
[Lynda.com] Drawing and Painting in Photoshop – The Great Training
[Lynda.com] Photoshop for Fashion Design_ Rendering Techniques
[YouTube] Draw with Jazza
[YouTube] Faebelina
[YouTube] webang111
[YouTube] WLOP

དེ་ནས་ཚོད་ལྟ་གང་མང་བྱས་མཐར་རི་མོ་འབྲི་བའི་རྒྱུད་རིམ་གསུམ་དུ་ཕྱེད་ཡིན།

དཔེར་ན་མི་སྣའི་རི་མོ་ཞིག་འབྲི་བར་ཐོག་མར་མི་སྣའི་གཟུགས་པོའི་འཁྱེར་གཟོ་དང་འཕྱ་རྒྱ་སོགས་སྨྱུ་གུས་རབ་རིབ་ཏུ་བྲིས་ནས་མཐར་ཐིག་གཅིག་གིས་ངོ་དང་དབྱིབས་ཁ་གསལ་དུ་ཐོན་དགོས། གཉིས་པ། པགས་པ་དང་གྱོན་གོས་སྐྲ་ལོ་སོགས་ Layer སོ་སོ་འབྱེད་དེ་མཚོན་འདེབས། མཐའ་མ་ངོ་གདོང་དང་གྱོན་གོས་སོགས་ཆ་ཤས་ཡོངས་རྫོགས་འབྲི་ཞོར་མཚོན་མདངས་དང་འོད་མདངས་རན་པོ་སླེབས་ཐབས་ལ་འབད་དགོས།

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།