ཀུ་ཤུའི་གློག་ཀླད་ནང་སྐར་ཁུང་བཅུ་པ་བཅུག་ཐབས།

ཉེ་དུས་ཀུ་ཤུ་གློག་ཀླད་ iMac 2011 ནང་སྐར་ཁུང་བཅུ་པ་བཅུག་རྒྱུའི་འདོད་པ་བྱུང་བ་དང་། དེ་མ་ཐག་དྲ་ཐོག་རྒྱུད་དེའི་སྐོར་གྱི་གནས་ཚུལ་འཚོལ་ཞིབ་དང་རྒྱུད་ལོན་བྱས། མཐར་ཀུ་ཤུའི་གློག་ཀླད་ནང་སྐར་ཁུང་བཅུག་སྟངས་ཁག་གསུམ་བཞི་ཙམ་རྙེད་བྱུང་། དེ་དག་ནི།

༡༽ ཀུ་ཤུའི་གློག་ཀླད་གྱི་རྒྱུད་སྐུལ་མ་ལག་ Mac OS རང་སོར་འཇོག་ཐོག་དེའི་ནང་ངོས་སུ་སྐར་ཁུང་བཅུག་རྒྱུ་འདུག དེ་ལྟར་བྱས་ན་ཀུ་ཤུའི་རྒྱུད་ཁུང་བེད་སྤྱོད་བྱེད་པ་དུས་མཉམ་དུ་སྐར་ཁུང་སྤྱོད་ཐུབ། དེ་ནི་དགེ་མཚན་ཞིག་ཏུ་མཐོང་ལ་ཕྱོགས་གཞན་ཞིག་ལ་སྐྱོན་གྱི་ཆ་ཞིག་འདུག རྒྱུད་སྐུལ་མ་ལག་གཉིས་དུས་གཅིག་ཏུ་སྤྱོད་པའི་སྐབས་གློག་ཀླད་ཀྱི་ RAM དང་ Processing Speed བགོ་ཤ་བརྒྱག་དགོས་པར་བརྟེན་སྤྱིའི་མྱུར་ཚད་འགོར་དུ་འགྲོ་ཡི་འདུག

༢༽ ཀུ་ཤུའི་གློག་ཀླད་གྱི་རྒྱུད་སྐུལ་མ་ལག་ Mac OS རང་སོར་འཇོག་ཐོག་སྲ་སྡེར་གྱི་དུམ་བུ་གཞན་ཞིག་གི་སྒང་ལ་སྐར་ཁུང་བཅུག་རྒྱུ་འདུག ། དེ་ནི་གློག་ཀླད་གཅིག་གི་སྟེང་རྒྱུད་སྐུལ་མ་ལག་གཉིས་བླུགས་ཡོད་ཀྱང་བེད་སྤྱོད་བྱེད་སྐབས་དུས་གཅིག་ལ་རྒྱུད་སྐུལ་མ་གཅིག་ལས་སྤྱོད་མི་ཐུབ། སྐར་ཁུང་སྤྱོད་པའི་སྐབས་ཀུ་ཤུའི་རྒྱུད་ཁུང་སྤྱོད་མི་ཐུབ། དེ་བཞིན་ཀུ་ཤུའི་རྒྱུད་ཁུང་འདེམས་ན་སྐར་ཁུང་སྤྱོད་མི་ཐུབ། གློག་ཀླད་ཀྱི་སྤྱིའི་མྱུར་ཚད་ལ་དོ་ཕོག་མེད་ཀྱང་རྒྱུད་ཁུང་མ་ལག་གསར་སྣོན་ཆེད་གསོག་སྡེར་ (hard disk) གྱི་སྟོང་ཆ་མི་ཉུང་བ་ཞིག་བགོ་ཤ་རྒྱག་དགོས།

འདིར་རང་ཉིད་འདོད་པ་ཆེ་ཤོས་ནི་གཙོ་བོ་སྐར་ཁུང་ཁོ་ན་སྤྱོད་འདོད་ཡོད་པར་བརྟེན། ཀུ་ཤུའི་རྒྱུད་ཁུང་གཙང་གསུབ་གཏོང་ཐུབ་ན་སྙམ་པ་ཡིན། དེས་གློག་ཀླད་ཀྱི་ནུས་པ་དང་སྲ་སྡེར་གྱི་སྟོང་ཆ་ཡོངས་རྫོགས་བེད་སྤྱོད་བྱེད་ཐུབ། འོན་ཀྱང་དེ་ལྟར་ཐེངས་དང་པོ་བྱེད་སྐབས་ཉེན་ཁ་ཞིག་མཐོང་། ཀུ་ཤུ་གཙང་སུབ་གཏོང་རྗེས་སྐར་ཁུང་ངོས་ལེན་མ་བྱེད་ན་་་་་་་་་། དེར་བརྟེན་སྔོན་ལ་ངའི་ iMAC འདིས་སྐར་ཁུང་འཇུག་ཐུབ་མིན་ཀུ་ཤུའི་གཞུང་ཕྱོགས་ཀྱི་དྲ་ཚིགས་ནས་གནས་ཚུལ་མཁོ་འདུ་བྱེད་དགོས་ངེས།

གཤམ་གྱི་དྲ་གནས་འདི་ནི། ཀུ་ཤུ་ལས་ཁང་གི་དྲ་གནས་ནང་ཀུ་ཤུའི་གློག་ཀླད་གང་གི་ནང་སྐར་ཁུང་སྒྲིག་འཇུག་ཐུབ་མིན་གྱི་སྙན་ཐོ་ཞིག་རེད།

Mac and Window Compatibility Table

སྙན་ཐོ་འདིའི་ནང་ངའི་ iMAC 2011 གིས་སྐར་ཁུང་བདུན་པ་ངོས་ལེན་བྱེད་ཐུབ་ཟེར་གསལ་པོ་བཀོད་འདུག །iMAC 2011འདི་སྐར་ཁུང་བཅུ་པ་བཅུག་ན་འགྲིག་མིན་གང་ཡང་བཀོད་མིན་འདུག་།དེ་ནས་དྲ་གནས་འདིའི་གླེང་སྟེགས་ནང་རོབ་ཙམ་ལྟ་སྐབས་ང་དང་ཀུ་ཤུའི་གློག་ཀླད་འདི་བེད་སྤྱོད་བྱེད་མཁན་མང་པོ་ཞིག་གིས་སྐར་ཁུང་བཅུ་པ་ལེགས་བཅུག་ཐུབ་པ་བྱུང་སྐོར་བཀོད་འདུག །

discussions.apple.com

དེར་བརྟེན་སྒྲིག་བཅུག་བྱེད་པའི་སྟ་གོན་བྱས།

སྐར་ཁུང་བདུན་པ་བཅུ་པ་གཉིས་ལས་སྐར་ཁུང་བཅུ་པ་བཅུག་འདོད་བྱུང་། དེར་བརྟེན་སྐར་ཁུང་གཞུང་ཕྱོགས་དྲ་གནས་ནས་ Window 10 Pro Build 17017 ཐོན་རིམ་གསར་ཤོས་འདིའི་ ISO ཡིག་ཆ་ཕབ་ལེན་བྱས།

ཕབ་ལེན་དྲ་གནས།

སྐར་ཁུང་སྒྲིག་འཇུག་དུས་ཡུན་ཉུང་ཤོས་ནང་འཚར་བའི་ཆེད། window10.iso འདི་ WinToFlash ཟེར་བའི་མཉེན་ཆས་ཞིག་སྤྱད་དེ་མཐེབ་སྡེར་ནང་ Bootable བཟོས་པ་ཡིན། WinToFlash གལ་ཏེ་གཉེན་ཆས་འདི་བེད་སྤྱོད་གཏོང་མ་ཐུབ་ཚེ་ DVD ནང་བཟོས་ཏེ་དུས་རྒྱུན་ལྟར་སྐར་ཁུང་བཅུག་ནའང་འགྲིག

སྒྲིག་འཇུག་དངོས་སུ་བྱེད་སྐབས་ཧ་ཅང་སྟབས་བདེ་པོ་རེད། Bootable Pendrive (མཐེབ་སྡེར་)འདི་གློག་ཀླད་དང་མཐུད། དེ་ནས་གློག་ཀླད་བསྐྱར་དུ་སྤར། གློག་ཀླད་སྤར་མ་ཐག་དུ་མཐེབ་གཞོང་ནས་ [ALT] ལ་གནོན་ནས་སྡོད་དགོས། དུས་ཡུན་སྐར་ཆ་ཁ་ཤས་ནང་ཁྱེད་ཀྱི་མཐེབ་སྡེར་( ཡང་ན་ DVD བཅུག་ཡོད་ན་) དེ་འཆར་ངོས་ཀྱི་དཀྱིལ་དུ་འདེམས་གའི་རྣམ་པར་འཆར་འོང་། དེ་འཆར་བ་དང་ bootable མཐེབ་སྡེར་ཐོག་གནོན་ནས་རྒྱུན་གཏན་སྐར་ཁུང་སྒྲིག་འཇུག་བྱེད་པ་ནང་བཞིན་བྱེད་ན་འགྲིག།

སྒྲིག་འཇུག་དངོས་སུ་བྱེད་སྐབས་ཧ་ཅང་སྟབས་བདེ་པོ་རེད། Bootable Pendrive (མཐེབ་སྡེར་)འདི་གློག་ཀླད་དང་མཐུད། དེ་ནས་གློག་ཀླད་བསྐྱར་དུ་སྤར། གློག་ཀླད་སྤར་མ་ཐག་དུ་མཐེབ་གཞོང་ནས་ [ALT] ལ་གནོན་ནས་སྡོད་དགོས། དུས་ཡུན་སྐར་ཆ་ཁ་ཤས་ནང་ཁྱེད་ཀྱི་མཐེབ་སྡེར་( ཡང་ན་ DVD བཅུག་ཡོད་ན་) དེ་འཆར་ངོས་ཀྱི་དཀྱིལ་དུ་འདེམས་གའི་རྣམ་པར་འཆར་འོང་། དེ་འཆར་བ་དང་ bootable མཐེབ་སྡེར་ཐོག་གནོན་ནས་རྒྱུན་གཏན་སྐར་ཁུང་སྒྲིག་འཇུག་བྱེད་པ་ནང་བཞིན་བྱེད་ན་འགྲིག།


སྐར་ཁུང་སྒྲིག་འཇུག་ལ་བར་ཆད་མི་ཡོང་བའི་ཆེད། གློག་གསོག་ Battery/UPS ལྡན་དགོས། དེ་བཞིན་སྒྲིག་འཇུག་དུས་ཡུན་མི་འགོར་ཆེད་དྲ་རྒྱ་སྔོན་ཚུད་ནས་བཀག་ན་བཟང་། དེ་མིན་དྲ་ཐོག་ནས་རིམ་སྤར་(update)བྱེད་དགོས་རིགས་རྣམས་ཀྱང་ཕབ་ངེས་རེད།

སྐར་ཁུང་ཡོངས་སུ་སྒྲིག་འཇུག་ཟིན་པ་དང། Device Manager ནང་དུ་ལྟས་ནས་ driver མི་ཚང་བ་རྣམས་སྒྲིག་འཇུག་བྱེད་དགོས། སྐར་ཁུང་གྱི་རྒྱུད་ཁུངས་མ་ལག་ཀུ་ཤུའི་གློག་ཀླད་ནང་ལེགས་པོ་ཡོང་ཆེད་ཀུ་ཤུ་ཚང་གིས་དགོས་ངེས་ཀྱི་ Driver ཆ་ཚང་དྲ་ཐོག་ནས་ཕབ་ལེན་དུ་བྱེད་རྒྱུ་ཡོད། Driver དེ་དག་ལ་ཐོན་རིམ་མི་འདྲ་བ་རེ་ཡོད། ངས་ཐོན་རིམ་གསར་ཤོས་ Boot Camp Support Software 5.1.5722 དེ་ལེན་ཏེ་སྒྲིག་འཇུག་བྱས་པ་ཡིན། ཡིག་ཆ་ཆ་ཚང་ལ་ 1.25GB ཙམ་རེད་འདུག །དེར་བརྟེན་ཡིག་ཆ་འདི་སྐར་ཁུང་སྒྲིག་འཇུག་མ་བྱས་སྔ་རོལ་གྲ་སྒྲིག་བྱེད་ཡོད་ན་ལེགས། གཤམ་འདིར་ Boot Camp Driver ཕབ་ལེན་བྱེད་གནས་ཡིན།

Boot Camp Driver Support ཕབ་ལེན།

མཐར་སྐར་ཁུང་ཡོངས་སུ་སྒྲིག་འཇུག་ཟིན་པ་དང་། རྒྱུན་པར་མཁོ་བའི་མཉེན་ཆས་ཅི་རིགས་སྒྲིག་འཇུག་བྱེད་ན་འགྲིག

ངས་གཤམ་གྱི་མཉེན་ཆས་དེ་དག་ངེས་པར་དུ་བཅུག་གི་ཡོད།
Microsoft Office 2016 [Word, Excel, PowerPoint, OneNote, Access, Publisher]
Adobe CC 2018 (Photoshop, Indesign, Illustrator, Animate, AfterEffect, Muse)
མཉེན་ཆས་ཆུང་བ། (VLC, 7zip, CDburnerXP, Monlam3, Chrome, uTorrent, Snagit, Camtasia, IDM )
མཐའ་མ་མཐའ་མ་དེར། ཁྱེད་ཀྱི་གསར་དུ་བཅུག་པའི་སྐར་ཁུང་དང་མཉེན་ཆས་དེ་དག་གི་དུས་བཀག་ཕྱིར་ལོག་བྱེད་པའི་སྲ་སྡེར་ C:\ གཅིག་པོ་ལ་ Restore Point གཅིག་བཟོ་ཐུབ་ན་ཧ་ཅང་ཡག་པོ་ཡོད། མ་འོངས་སྐར་ཁུང་ལ་སྐྱོན་ཆགས་བྱུང་ན་ད་ལྟའི་གནས་སྐབས་སུ་བསྐྱར་ལོག་བྱེད་རྒྱུ་ཡོང་བ་ཆགས་ཐུབ་བོ།

མཐའ་མ་མཐའ་མ་དེར། ཁྱེད་ཀྱི་གསར་དུ་བཅུག་པའི་སྐར་ཁུང་དང་མཉེན་ཆས་དེ་དག་གི་དུས་བཀག་ཕྱིར་ལོག་བྱེད་པའི་སྲ་སྡེར་ C:\ གཅིག་པོ་ལ་ Restore Point གཅིག་བཟོ་ཐུབ་ན་ཧ་ཅང་ཡག་པོ་ཡོད། མ་འོངས་སྐར་ཁུང་ལ་སྐྱོན་ཆགས་བྱུང་ན་ད་ལྟའི་གནས་སྐབས་སུ་བསྐྱར་ལོག་བྱེད་རྒྱུ་ཡོང་བ་ཆགས་ཐུབ་བོ།

སྐྱོན་ཆ།
ཀུ་ཤུའི་གཞུང་ཕྱོགས་དྲ་བའི་ཐོག་ངའི་ཀུ་ཤུའི་གློག་ཀླད་ iMac 2011 mid གིས་སྐར་ཁུང་བདུན་པ་སྒྲིག་འཇུག་བྱེད་ཐུབ་པ་ལས་སྐར་ཁུང་བཅུ་པ་སྒྲིག་འཇུག་ཐུབ་མིན་གྱིས་གནས་ཚུལ་གང་ཡང་མིན་འདུག །འོན་ཀྱང་གླེང་སྟེགས་ནང་དྲ་གྲོགས་མང་པོ་སྐར་ཁུང་བཅུ་པ་ཚོད་ལྟ་བྱེད་པ་དང་། སྒྲིག་འཇུག་བྱེད་ཐུབ་པའི་གནས་ཚུལ་འདུག་ལ། ཟུར་དུ་སྒྲ་མེད་པ་ཆགས་འགྲོ་བའི་གནས་ཚུལ་གསལ་བཤད་ཀྱང་བྱས་འདུག །ངས་དེ་དོན་ཤེས་ཀྱི་ཡོད་ཐོག་སྐར་ཁུང་བཅུ་པ་སྒྲིག་འཇུག་བྱས་པ་ཡིན། བྱས་ཙང་ད་ལྟའི་ཆར་ངའི་གློག་ཀླད་ནས་གཞས་སོགས་ཉན་པའི་སྐབས་སྒྲ་མི་འདོན། འོན་ཀྱང་ Boot Camp ཐོན་རིམ་གསར་པ་ v6.0 ཐོན་ལ་ངེས་པས། དེ་དུས་སྒྲའི་གནད་དོན་དེ་དེ་མུར་སེལ་ངེས་རེད། སྐབས་ཕྲལ་ཇུས་འགོད་དང་བཟོ་སྒྲིག་གཙོ་བོར་དམིགས་ཡོད་པས། ང་ལ་སྒྲ་མེད་ཀྱང་སྐྱོན་མིན་འདུག

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།