ཞབས་ཞུ་གསར་པ་གཅིག ཐབས་ལམ་གསར་པ་ཞིག www.Drop.me

Uncategorized

 

གློག་འཕྲིན་རྒྱུད་ཡིག་ཆ་ཞིག་སྦྱར་(attach)ཏེ་གཞན་ལ་གཏོང་སྐབས་ཡིག་ཆ་ཆུང་ཆུང་ཡིན་ན་གཏོང་ཐུབ། འོན་ཀྱང་སྦྱོར་བྱའི་ཡིག་ཆ་དེ་ཅུང་ཆེ་ཙམ་ཡིན་ན་ཡི་གེ་མཉམ་དུ་གཏོང་མི་ཐུབ། ཁྱེད་ཀྱིས་དྲ་ཐོག་ཏུ་ DropBox དང་ gDrive, SkyDrive, ShareIt, Get.it, Mega.nz, 4shared, Baidu, UserCloud, WeTransfer སོགས་དི་དང་དེ་འདྲའི་དྲ་གནས་ཐོག་ཡིག་ཆ་ཆེ་བ་རྣམས་བསྐྱེལ་འཇོག་དང་དེ་ནས་ཟུར་དུ་གཏོང་དགོས་ཀྱི་ཡོད། འདི་ནི་ཐབས་ཤེས་གཅིག་རེད།

ངས་ཡིག་ཆ་ཆེ་རིགས་གཞན་ལ་གཏོང་དགོས་ཚེ་གོང་གི་དྲ་གནས་དེ་དག་ཕལ་ཆེ་བ་སྤྱད་མྱོང་། འོན་ཀྱང་ཉམས་མྱོང་དུ་བཤད་ན་དེ་དག་སྤྱོད་དུས་དགེ་མཚན་ལྷན་དུ་སྐྱོན་ཆ་དང་སྟབས་མི་བདེ་བའི་ཆ་ཡང་མཐོང་།

ཡིག་ཆ་བསྐྱོལ་འཇོག་བྱེད་མཁན་ལ་འཕྲད་པའི་གནད་དོན།

གོང་བཀོད་ཡིག་ཆ་བསྐྱེལ་འཇོག་བྱེད་སའི་དྲ་ཐོག་ཞབས་འདི་དག་ལ་དང་ཐོག་རིན་མེད་(Freemium)དང་རིན་སྤྲོད་དགོས་པའི་(Premium)སྡེ་གཉིས་ཡོད། མི་མང་བསྐྱུས་མ་ཞིག་ལ་མཚོན་ན་རིན་པ་སྤྲོད་དེ་ཞབས་ཞུ་འདི་རིགས་ལེན་དགོས་ན་རིན་གོང་ཆེ་དྲག་པ་དང་དྲ་ཐོག་རྒྱུད་ནས་ཡིག་ཆ་ཆེན་པོ་གཏོང་དགོས་པ་སྐབས་རེ་སྐབས་རེ་རེད། དེར་བརྟེན་མི་ཕལ་མོ་ཆེས་རིན་མེད་ཞབས་ཞུའི་རིགས་འདེམས་ངེས་རེད། རིན་མེད་ཀྱི་ཞབས་ཞུ་དེ་དག་སྤྱོུད་རྒྱུར་དང་ཐོག་དེབ་སྐྱེལ་བྱེད་དགོས་པ། དེབ་སྐྱེལ་ཟིན་མཚམས་ཡིག་ཆ་སྐྱེལ་འཇོག་བྱེད་པའི་ཚད་གཞི་ཡོད། འགའ་ཞིག་གིས་ 5GB, 10GB, 15GB, 25GB, 50GB སོགས་མཁོ་སྤྲོད་བྱེད། ད་ལྟའི་ཆར་དྲ་ཐོག་ཏུ་སྟོང་ཆ་ཆེ་ཤོས་སྤྲོད་མཁན་ནི་ pan.baidu.com རེད། baiduགིས་རིན་མེད་དུ་དེབ་སྐྱེལ་བྱེད་མཁན་རྣམས་ལ་སྟོང་ཆ་ 2TB སྤྲོད་སྲོལ་ཡོད། དྲ་གནས་དེ་དག་ལས་རང་ལ་ཐོབ་པའི་སྟོང་ཆ་རྫོགས་ན་རིན་པ་སྤྲོད་དེ་ཞབས་ཞུ་མ་མཐུད་ལེན་དགོས་པ་ཆགས་ཀྱི་ཡོད།

ཡིག་ཆ་ཕབ་ལེན་བྱེད་མཁན་ལ་འཕྲད་པའི་གནད་དོན།

གོང་གི་ཡིག་ཆ་བསྐྱེལ་འཇོག་བྱེད་སའི་དྲ་གནས་དེ་དག་ལ་ཡིག་ཆ་ག་གེ་མོ་ཞིག་གཞན་ལ་ཕབ་ལེན་དུ་སྤྲོད་སྐབས། མི་གཞན་དེས་དྲ་གནས་དེ་དག་ལ་རྒྱུད་མངའ་ཡོད་ན་ཕབ་ལེན་བྱེད་རྒྱུར་དཀའ་ངལ་མེད། འོན་ཀྱང་རྒྱུད་མངའ་མེད་མཁན་ཞིག་ལ་ཕབ་ལེན་བྱེད་དུ་བཅུག་ན། རྙོག་འདྲ་འགའ་ཤས་འཕྲད་སྲིད། གོང་གི་དྲ་གནས་དེ་དག་ཕལ་ཆེ་བས་ཕབ་ལེན་བྱེད་སའི་དྲ་ངོས་སུ་ཁྱབ་བསྒྲགས་འབྲེལ་མེད་མང་པོ་ཞིག་མཉམ་དུ་སྟོན་གྱི་རེད། དེ་ལས་སྡུག་པ་ཕབ་ལེན་བྱེད་(DOWNLOAD)ཟེར་བའི་བརྡ་མོ་མི་འདྲ་བ་ལྔ་དྲུག་ཙམ་སྟོན་ཏེ་འཁྲུགས་བཅུག་གི་རེད། དཔེེར་གཤམ་གྱི་དཔེ་རིས་ནང་གཟིགས་དང། འཕྲུལ་དེབ་ཅིག་ལོན་རྒྱུར་གཤམ་གྱི་རི་མོའི་ནང་ DOWNLOAD ཟེར་བ་ལྔ་ཙམ་ཡོད། དེ་དག་ལས་ཕབ་ལེན་གྱི་དྲ་གནས་དངོས་གནས་གཅིག་ལས་མེད། གཞན་རྣམས་ཁྱབ་བསྒྲགས་རེད། ཁྱེད་ཀྱིས་བྱས་ན་ཨང་ཀི་ལྔ་ལས་གང་ཞིག་ཕབ་ལེན་དངོས་རེད་ཚོད་ཐེགས་པ་འདུག་གམ།

སྐབས་འགར་ཕབ་ལེན་བྱེད་ས་སྣེ་གཅིག་ལ་ཐེངས་གཉིས་ཙམ་སྣོན་དགོས། ཐེངས་དང་པོ་སྣོན་དུས་ཁྱབ་བསྒྲགས་ཀྱི་དྲ་གནས་གཞན་ཞིག་ཁ་འབྱེད་པ་དང་། བསྐྱར་དུ་ཐེངས་གཉིས་པ་སྣོན་སྐབས་གཞི་ནས་ཡིག་ཆ་དངོས་དེ་ཕབ་ལེན་ཐུབ་པ་ཡིན། བསྐྱེལ་འཇོག་བྱེད་ཟིན་པའི་ཡིག་ཆ་ཁ་ཤས་ལ་དུས་ཡུན་ཚད་བཀག་ཡོད། དཔེར་ན་བསྐྱེལ་འཇོག་བྱས་པའི་ཡིག་ཆ་ཞིག་བདུན་ཕྲག་གཅིག་གི་ནང་དུ་ཕབ་ལེན་མ་བྱེད་ན། ཡིག་ཆ་དེ་ཕབ་ལེན་བྱེད་མི་ཐུབ་པ་ལྟ་བུ། གང་ལྟར་དྲ་གནས་དེ་དག་ལས་ཡིག་ཆ་ཕབ་ལེན་བྱེད་སྐབས་མགོ་རྙོགས་ཡོང་གཞི་ཡོད། དེ་ནི་ཕབ་ལེན་བྱེད་མཁན་ལ་དཀའ་ཁག་ཞིག་ཀྱང་རེད།

ཞབས་ཞུ་གསར་པ་གཅིག ཐབས་ལམ་གསར་པ་ཞིག www.Drop.me

དྲ་ཐོག་བསྐྱེལ་འཇོག་ཞབས་ཞུ་འདིས་སྔར་གྱི་དཀའ་གནད་ལས་ཡོངས་སུ་སེལ་ཏེ། སྐུ་ཉིད་ལ་ཡིག་ཆ་དྲ་ཐོག་ནས་གཏོང་རྒྱུར་སྔར་ལས་གུ་ཡངས་པ་ཆགས་རྒྱུ་ཉག་ཅིག་རེད། དྲ་གནས་འདི་ནས་ཡིག་ཆ་སྐྱེལ་འཇོག་བྱེད་པར་་་་

  • དེབ་སྐྱེལ་གང་ཡང་བྱེད་མི་དགོས་
  • ཡིག་ཆ་ཅི་རིགས་ཞབས་ཞུ་དེའི་ཏོག་སྐྱེལ་འཇོག་ཐད་ཀར་བྱེད་ཆོག
  • ཡིག་ཆ་ཆེ་ཆུང་ལ་ཚད་བཀག་མེད།
  • དྲ་ཐོག་ཏུ་ཡིག་ཆ་ག་གེ་མོ་ཞིག་ཡུན་གནས་ལས་ཚད་བཀག་མེད།
  • དྲ་གནས་འདིར་བསྐྱེལ་འཇོག་བྱེད་པའི་ཡིག་ཆ་རྣམས་McAfeeདུག་འགོག་མཉེན་ཆས་ཀྱིས་གཙང་སེལ་བྱས་ཡོད་པས། ཕབ་ལེན་བྱེད་པའི་ཡིག་ཆའི་ནང་དུག་རྩ་བ་ནས་མེད་པའི་འགན་ལེན་ཡོད།
    ཞབས་ཞུ་འདིའི་སྒང་ནས་ཡིག་ཆ་ཕབ་ལེན་བྱེད་སྐབས་ཐད་ཀར་ཡིན་པས་ཁྱབ་བསྒྲགས་སྣེ་གཅིག་རྐྱང་མེད།
  • ཡིག་ཆ་མང་པོ་ཞིག་མཉམ་དུ་གཏོང་དགོས་ཚེ་རྫིབ་ (ZIP) བྱས་ནས་བསྐུར་ན་ལེགས།
  • ཞབས་ཞུ་འདིའི་ཐོག་ཡིག་ཆ་གཅིག་བསྐྱེལ་འཇོག་(upload)བྱས་པ་དང་ཡིག་ཆ་འདི་ལེན་སའི་མཐུད་སྣེ་ URL ཞིག་ཤར་འོང་། URL འདི་བསྐུལ་ཡུལ་ལ་གཏོང་དང་འགྲིག ཧ་ཅང་སྟབས་བདེ་རེད།

དྲ་ཐོག་ཞབས་ཞུ་དེས་སྐུ་ཉིད་ལ་ལས་དོན་མང་པོ་ཞིག་བདེ་མྱུར་ངང་སྒྲུབ་ཐུབ་པའི་རེ་བ་ཡོད།


Leave a Reply

Your email address will not be published. Required fields are marked *