ངོ་དེབ་སོགས་ཀྱི་བོད་ཡིག་ཡིག་གཟུགས་ཆེ་ཆུང་སྒྲིག་སྟངས།

མཁྱེན་ཡངས་གྲོགས་པོ་བསོད་ནམས་ཟླ་བ་ལགས།  ཁམས་བཟང་།  ཉིན་ཤས་གོང་ལ་གུས་པའི་གློག་ཀླད་གློ་བུར་དུ་འཕྲོ་བརླག་ཏུ་ཕྱིན་པར་བརྟེན།  གློག་ཀླད་གསར་བ་ཞིག་ཉོ་དགོས་བྱུང་།  གློག་ཀླད་གསར་བའི་སྒེའུ་ཁུང་བརྒྱད་ཚེག་གཅིག་ཅན་དེ་ཡིན་པས་ཡིན་ནམ།  ངོ་དེབ་དང་gmail སོགས་ཀྱི་དྲ་ངོས་སུ་བོད་ཡིག་ཡིག་གཟུགས་ཆུང་ཆུང་ཞིག་ལས་མི་ཤར་བས་དེར་ཐབས་ཤེས་ཡོད་དམ།  དེ་མིན་ཁྱེད་ཀྱི་དྲ་ངོས་སུ་བཀོད་པའི་དུག་འགོག་མཉེན་ཆས་རིན་མེད་ESET ཞེས་པ་དེ་གློག་ཀླད་དུ་ནང་འཇུག་ཚོད་ལྟ་བྱས་མོད།  གློག་ཀླད་རྦད་དེ་ཁེགས་འགྲོ་བས་བེད་སྤྱོད་བྱ་ཁག་པོ་འདུག   གཞན་འདྲི་རྒྱུ་ཞིག་ལ།  གུས་པའི་གློག་ཀླད་ཀྱི་སྒེའུ་ཁུང་བརྒྱད་ཚེག་གཅིག་ཅན་དང་མཉམ་དུ་དུག་འགོག་མཉེན་ཆས་ McAfee ཞེས་པ་ཞིག་ཡོད་པ་འདིའི་དུག་འགོག་གི་ནུས་པ་ག་འདྲ་ཡོད་དམ།  ཡང་ན་དུག་འགོག་མཉེན་ཆས་གང་ཞིག་སྤྱད་ན་ལེགས་མིན་སོགས་ཀྱི་སྐོར་ནས་ལམ་སྟོན་ཞིག་གནང་བའི་རེ་བ་ཡོད།

ལན་དང་པོ།

ངོ་དེབ་དང་ཇི་མཱལ་སོགས་ཀྱི་དྲ་ངོས་སུ་བོད་ཡིག་ཆུང་ཆུང་ཤར་བ་ནི་སྐར་ཁུང་བརྒྱད་ཚགས་གཅིག་ཅན་ (Window8.1) ཡིན་པའི་རྒྱུ་ཚན་གཙོ་བོ་མིན། ངོ་དེབ་དང་ཇི་མཱལ་གྱི་བོད་ཡིག་ཡིག་གཟུགས་ཚད་རན་པོ་སྒྲིག་དགོས་ན་སོ་སོའི་དྲ་མྱུལ་མཉེན་ཆས་ཀྱི་སྒྲིག་བཀོད་སྡེ་ཚན་ setting ནང་འགྲོ་དགོས།

གུ་གུལ་ཁཱོ་རོམ་ (Chrome) ནང་སྒྲིག་སྟངས་ནི།
༡༽ གཤམ་གྱི་རི་མོའི་ནང་གསལ་བ་ལྟར། དང་པོ་ setting ཐོག་གནོན། དེ་ནས་སྒྲིག་བཀོད་སྟེགས་བུའི་གཤམ་འོག་གི་ Show advanced settings ཟེར་བ་དེར་གཅིག་གནོན་དགོས།

༢༽ སྒྲིག་བཀོད་སྟེགས་བུ་རྒྱས་པ་ཞིག་ཤར་ངེས། དེ་དག་ལས་ནང་གསེས་ Web content ཟེར་སའི་ནང་གསེས་ Customize fonts… ཟེར་བ་དེའི་སྟེང་གཅིག་གནོན།

༣༽ དྲ་ཚིགས་ཤར་ཆས་སམ་དྲ་མྱུལ་མཉེན་ཆས་འདིའི་སྟེང་དུ་ཡོད་པའི་སྤྱིར་བཏང་ཡིག་གཟུགས་དང་ཡིག་གཟུགས་ཆེ་ཆུང་སྒྲིག་ས་དེར་སླེབས་པ་རེད། དེར་སླེབས་ནས་ངོ་དེབ་དང་ཇི་མཱེལ་སོགས་ཀྱི་ཡིག་གཟུགས་དེ་རང་གི་འདོད་པ་ལྟར་སྒྲིག་མཆོག་མོད། འོན་ཀྱང་དེར་གུས་པས་དབྱིན་ཡིག་དང་བོད་ཡིག་གཉིས་ཀར་བསམ་བློ་བཏང་བའི་སྐབས་སྤྱི་ཡོངས་ལ་གཞིག་ན་ཡིག་གཟུགས་ “Monlam Uni Ouchan1” དང་ཆེ་ཆུང་ཨང་ 14 ཐོག་འཇོག་ན་ལེགས་པ་མཐོང་། དེ་ནས་མཇུག་གི་ Encoding ཟེར་སའི་ཐོག་ Unicode (UTF-8) འཇོག་དགོས། དེས་བོད་ཡིག་ཙམ་དུ་མ་ཟད་དབྱིན་ཡིག་མིན་པའི་སྐད་ཡོད་དོ་ཅོག་ལེགས་པར་འཆར་ཐུབ་པའི་དགེ་མཚན་ལྡན་འདུག །མཐའ་མ་ Done ཟེར་བ་དེར་གཅིག་གནོན་ན་འགྲིགས་སོ།

ངོ་དེབ་ཐོག་སྤེལ་བའི་གནས་ཚུལ་དང་མཆན།
ཇི་མཱེལ་ (gmail) ནང་གི་ཡི་གེ་
ཊིའུ་ཊར་ངོས་ཀྱི་བོད་ཡིག་ལེགས་པོ་འཆར་ཐུབ་པ།

གོང་གི་ཐབས་ཇུས་དེས་ངོ་དེབ་དངཇི་མཱེལ་ནང་བོད་ཡིག་ཡིག་གཟུགས་ཆུང་ཆུང་རྣམས་ཆེ་རུ་གཏོང་ཐུབ་པ་མ་ཟད། དྲ་ཚིགས་དང་ཟིན་བྲིས་(དཔེར་ན་ WordPress དང་ Blogger དེ་རིགས་) རྒྱུད་རྩོམ་སྤེལ་སའི་སྟེགས་བུའི་ཐོག་ཡོད་པའི་བོད་ཡིག་ཀྱང་ལེགས་པོ་ཤར་ཐུབ་ཀྱི་ཡོད། གཤམ་གྱི་དཔེ་རིས་གཟིགས།

ཟིན་བྲིས་སྤེལ་སའི་སྟེགས་བུ།

ལན་གཉིས་པ།

དེང་སང་གློག་ཀླད་གསར་པ་ཞིག་ཉོས་པ་དང་དེའི་ནང་ལོ་དུས་གཅིག་ཅན་གི་དུག་འགོག་མཉེན་ཆས་ལེགས་པོ་ཞིག་རང་སྒྲིག་ཡོད། དེར་བརྟེན་ McAfee ལྟ་བུ་དེ་གཅིག་གིས་འགྲིག་བསྡད་པ་རེད། གལ་ཏེ་དེའི་སྟེང་དུག་འགོག་མཉེན་གཉིས་པ་ཞིག་བཅུག་ན་གློག་ཀླད་མི་འགྲོ་བ་ཆགས་སྲིད། དེའི་རྒྱུ་མཚན་ནི་དཔེར་ན། དྲ་འབུ་གཏོར་འགོལ་ཆེད་དུ་དམག་སྡེ་མི་འདྲ་བ་གཉིས་གློ་བུར་དུ་གདོང་ཐུག་བྱུང་བ་ལྟར་རེད། དམག་སྡེ་གཉིས་པོས་དྲ་འབུར་ཐབས་འཛིང་གཏོང་རྒྱུའི་ཚབ་ཏུ། དམག་སྡེ་གཉིས་ཕན་ཚུན་སྐད་ཡིག་དང་གཤིས་ལུགས་མི་མཐུན་པར་ཕན་ཚན་དམག་འཐབ་བྱུང་བ་འདྲ་པོ་རེད། དེར་བརྟེན་གློག་ཀླད་གཅིག་གི་ནང་དུག་འགོག་མཉེན་ཆས་གཅིག་ལས་བླུགས་རྒྱུ་མེད།

ལན་གསུམ་པ།

དུག་འགོག་མཉེན་ཆས་མང་པོ་ཡོད་པ་དང་། དེ་དག་ལ་སོ་སོའི་ཁྱད་ཆོས་དང་ནུས་པ་མི་འདྲ། དེ་དག་ལ་གློག་ཀླད་ཀྱི་དྲན་ཤེས་(memory)དང་གསོག་སྡེར་གྱི་ས་ཆ་ཇི་དགོས་མི་འདྲ། དེ་དག་ལ་དྲ་དུག་བཤེར་མྱུར་དང་གཙང་སེལ་ཐུབ་མིན་མི་འདྲ། འོན་ཀྱང་ད་ལོའི་སྤྱི་ཡོངས་ཀྱི་དཔྱད་བསྡུར་བྱེད་པའི་སྙན་ཐོའི་ནང་དུག་འགོག་མཉེན་ཆས་ལེགས་ཤོས་ཇི་ཡིན་ཤེས་འདོད་ན་འདི་ལོའི་སྤྱི་ཟླ་གཉིས་པའི་ནང་སྤེལ་བའི་རྩོམ་ཡིག་འདིར་ http://www.sonamdawa.com/2015/02/anti-virus-2015.html གཟིགས་རོགས།

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།