རིན་མེད་དྲ་ཚིགས་བཟོ་ས་ལེགས་ཤོས་ལྔ།

ད་ལྟའི་ཆར་རིན་མེད་ཐོག་དྲ་ཐོག་གི་ཟིན་བྲིས་བཀོད་ས་དང་དྲ་ཚིགས་གཉེར་ས་གྲངས་ལས་ལས་པ་ཡོད། དེ་དག་ལ་རྩོམ་འབྲིའི་མཐུན་རྐྱེན་སོགས་སྤྱི་སྙོམ་གྱི་ཆ་རྐྱེན་དང་། དེ་དག་སོ་སོར་གཞན་དང་མི་འདྲ་བའི་ཁྱད་ཆོས་ཀྱང་ཡོད། གཤམ་ལ་ང་ཚོས་རིན་མེད་ཀྱི་ཟིན་བྲིས་སམ་དྲ་ཚིགས་གཉེར་སའི་ཞབས་ཞུ་སྐད་གྲགས་ཡོད་པ་ཁག་ལྔ་ངོ་སྤྲོད་བྱེད་ཀྱི་ཡིན།

01) Blogger.com

འདི་ནི་དུས་ཡུན་རིང་ཤོས་སུ་རིན་མེད་ཐོག་ཡོད་པའི་ཟིན་བྲིས་བཀོད་སའི་སྟེགས་བུ་ཞིག་ཆགས་ཡོད། གུ་གུལ་གློག་འཕྲིན་ཁ་བྱང་སྤྱད་ནས་སྐར་ཆ་གཅིག་གཉིས་ནང་དྲ་གནས་དིའི་སྟེང་ཟིན་བྲིས་དྲ་ཚིགས་ཤིག་གཉེར་ཐུབ་པ་མ་ཟད། སྒྲིག་བཀོད་བྱེད་སའི་སྟེགས་སྒྲོམ་ནང་ཟིན་བྲིས་དྲ་ཚིགས་ཀྱི་ཇུས་འགོད་ཆ་ཚང་རང་འདོད་ལྟར་བྱེད་རྒྱུ་ཡོད། ཁྱེད་ཀྱི་ལྟ་ཀློག་བྱེད་བཞིན་པའི་དྲ་གནས་འདིར་ཡང་གུ་གུལ་ཟིན་བྲིས་ཞབས་ཞུའི་ཐོག་བཟོས་པ་ཞིག་རེད།

02) WordPress.com / WordPress.org

www.sonamdawa.com

ཁྱེད་ཀྱིས་ཡིད་ཆེད་དགོས་པ་ཞིག་ནིི་ད་ལྟའི་ཆར་འཛམ་གླིང་གི་དྲ་ཚིགས་ཁ་གྲངས་མང་ཤོས་ཨང་ལྔ་པར་སོན་པ་ནི་ ཝོརཌ་ཕིརེསི་ ཐོག་ཡོད་པའི་དྲ་ཚིགས་དེ་དག་རེད། ཁྱེད་ཀྱིས་ ཝོརཌ་ཕིརེསི་ ནང་དྲ་ཚིགས་ལས་ལྷ་པོར་བཟོ་ཐུབ་པ་དང་། རིན་མེད་ཀྱི་ཞབས་ཞུའི་ཁོངས་སུ་དྲ་རྒྱའི་ཇུས་འགོད་གང་ཙམ་བྱེད་རྒྱུ་ཡོད།

03) Tumblr

www.sonamdawa.com

ཊོམ་བྷལར་ ནི་ཝོརཊ་ཕིརེསི་དང་ ཊིའུ་ཊར་ གཉིས་ལས་འདུས་པའི་ཟིན་བྲིས་ཞབས་ཞུ་འདྲ་པོ་ཞིག་ཆགས་ཡོད། དེང་དུས་ཀྱི་ལག་ཐོག་ཁ་པར་རྒྱུད་དྲ་གནས་དེའི་ཐོག་ཟིན་བྲིས་སྤེལ་སླ་བ་དང་། དྲ་ཚིགས་ཀྱི་བཟོ་བཀོད་རྣམས་རང་འདོད་ལྟར་ཇུས་བཀོད་ཐུབ་ཀྱི་ཡོད།

04) Weebly

www.sonamdawa.com

དྲ་གནས་འདིའི་ཐོག་ཁྱེད་ཀྱིས་ཟིན་བྲིས་སྤེལ་ཐུབ་པ་མ་ཟད། དྲ་ཚིགས་ཇུས་བཀོད་ཀྱི་སྐད་ཡིག་ html དང་ css དེ་རིགས་རྩ་བ་ནས་མ་ཤེས་མཁན་ཞིག་གི་ཀྱང་དྲ་ཚིགས་ཀྱི་སྒྲོམ་གཞི་ཆ་ཚང་ལ་བཀོད་སྒྲིག་སྟབས་བདེ་པོའི་ངང་བྱེད་རྒྱུ་ཡོད།

05) Pen.io

www.sonamdawa.com

དྲ་གནས་དེའི་ཐོག་དེབ་སྐྱེལ་བྱེད་མི་དགོས་པར་དྲ་ཚིགས་ཞིག་གཉེར་ཐུབ། ཁྱེད་ཀྱི་བློ་འདོད་ཀྱི་དྲ་ཚིགས་ཁ་བྱང་ཞིག་དང་། གསང་ཨང་འདེམས་རྗེས་ནང་དོན་ཐད་ཀར་བཀོད་ཆོག གལ་ཏེ་འདྲ་པར་བཅུག་དགོས་ན་ཕྱི་ལོག་ནས་དྲ་ངོས་སུ་འཐེན་ན་འགྲིགས།

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།