Leawo Total Media Converter Ultimate 7.3

DVD དང་ Blu-ray, 1080P, དྲ་ཐོག་གི་གློག་བརྙན་དང་། སྒྲ། དཔར་སོགས་གློག་བརྙན་གྱི་ཡིག་ཆའི་རྣམ་པར་བརྗེའགྱུར་དང་ཕབ་བཤུ་བྱེད་ཆེད་ཀྱི་མཉེན་ཆས་ཆ་ཡོངས་སུ་རྫོགས་པ་ཞིག་ཡིན། ད་ལྟའི་ཐོན་རིམ་ 7.3 ནང་སྔར་ལས་ལྷག་པའི་འགྱུར་བཅོས་ཆེ་ཤོས་ཕྱིན་པ་ནི་སྒྲོམ་སྟེགས་སྒྲིག་བཀོད་དེ་རེད། དེ་མིན་གྱི་ལག་ཆ་རྣམས་སྔར་མུས་བཞིན་ཡོད་ཁར་དེའི་ཐོག་ Blu-ray ཕབ་བཤུའི་ནུས་པ་ལེགས་གཏོང་དང་། དྲ་ཐོག་གི་གློག་བརྙན་བཤུ་ཆེད་དེའང་བདེ་རུ་ཕྱིན་འདུག

མཉེན་ཆས་དེའི་བྱེད་ནུས།

  • དྲ་ཐོག་གི་གློག་བརྙན་དང་ HD/SD,  DVD རྣམས་ ཨྱ་ཧྥོན་དང་། ཨྱ་པེཊ། སེམ་སང། HTC སོགས་ཀྱི་ཁ་པར་ཆེད་བཟོ་ཐུབ།
  • གློག་བརྙན་ཇི་ཡོད་ Blu-ray དང་ DVD ནང་སྲེག་ (འོད་སྡེར་བཟོ་བའི་དོན་) ཐུབ།
  • CD, DVD, Blu-ray ནང་ཡོད་པའི་གློག་བརྙན་རྣམས་གློག་ཀླད་ནང་ཉར་ཚགས་ཆེད་ ISO ཡིག་ཆའི་ཐོག་བཟོ་ཐུབ།
  • ཡུ་ཊུབ་དང་ངོ་དེབ་ VEVO, Veoh སོགས་ཀྱི་དྲ་གནས་ལས་གློག་བརྙན་ཕབ་ལེན་བྱེད་ཐུབ།
  • གློག་བརྙན་ཁག་ 3D ཐོག་བཟོ་རྒྱུ་ཡོད་པ་དང་། 3D ཡི་རྣམ་པ་དྲུག་ལྷག་འདེམས་ག་ཡོད།
མཉེན་ཆས་ཀྱི་གཙོ་ངོས་ལས་དེ་བྱེད་ལས་ཆ་ཚང་རྟོགས་ཐུབ།
ཡུ་ཊུབ་ནས་གློག་བརྙན་ཕབ་ལེན་བྱེད་བཞིན་པའི་དཔེ་མཚོན། སྟེང་གི་དྲ་ཚིགས་ཁ་བྱང་བཀོད་སའི་སྟེང་ངོ་དེབ་དང་ VEVO, Veoh བཀོད་ནའང་འགྲིག

དྲ་ཚིགས་ཨ་མ། http://www.leawo.com/

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།