སྤྱི་སྟེགས་དེ་བཞིན་བོད་གྲོགས་ཕུན་དབང་གིས་ལྷག་བསམ་བཟང་པོས་རོགས་རམ་གནང་ནས་བཟོ་ཐུབ་པ་བྱུང་ཁོང་ཉིད་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
ད་ནས་བཟུང་སྤྱི་སྟེགས་དེ་བཞིན་བོད་ཕྱི་ནང་གཉིས་ཀའི་ནང་གློག་ཀླད་དང་ཁ་པརསྐོར་གྱི་ཤེས་བྱའི་རིགས་སུ་འགྱུར་བའི་གུས་པའི་རྩོམ་ཡིག་དང་། དཔར་རིས། བརྙན་ཟློས་སོགས་སྤེལ་རྒྱུ་ཡིན་ན། རྒྱ་ཆེའི་དྲ་གྲོགས་ལྷན་རྒྱས་ནས་ཐུགས་འཁུར་དང་རྒྱབ་བསྐྱོར་གནང་རོགས་ཞུ།
སྤྱི་སྟེགས་མིང་གཞུང་ནི་ sonamdawa101 ཡིན། འཕྲིན་ཕྲན་གྱི་འཚོལ་བཤེར་བྱེད་སའི་ཐོག་ sonamdawa101 བཀོད་དེ་འཚོལ་བའམ། ཡང་ན། QR-Code Scanner བཤེར་ཆས་སྤྱད་དེ་མཉམ་བཞུགས་གནང་ཐུབ།
གཤམ་ལ་སྤྱི་སྟེགས་སུ་བཞུགས་སྟངས་སྟོན་ཡོད།
འཚོལ་བཤེར་ནང་ sonamdawa101 བཀོད་དེ་འཚོལ་ན་རྙེད་ཐུབ། དེ་ནས་ Follow ཟེར་བ་དེའི་ཐོག་གནོན།
འཛུལ་བཞུགས་ཟིན་པ་དང་། མཚམས་འདྲིའི་ཡི་གེ་ཤར་འོང་། གཤམ་འདིར་དཀར་ཆག་གི་ཚུལ་དུ་ INTRO (ངོ་སྤྲོད་) དང་ Design (སྒེར་གྱི་ཇུས་འགོད་ལས་གཞི།) དེ་ནས་ ARCHIVES (སྤེལ་ཟིན་པའི་རྩོམ་གྱི་ཡིག་ཚགས།) བཅས་ཡོད།
ཉིན་རེར་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱའི་རྩོམ་ཡིག་དང། སློབ་ཁྲིད། དྲི་བ་དྲིས་ལན། ཆ་འཕྲིན་སྐོར་གྱི་གནས་ཚུལ་གསར་པ་མ་ལུས་ཁྱེད་ལ་དུས་ཐོག་ཏུ་འབྱོར་ཐུབ།
དྲ་གྲོགས་ལྷན་རྒྱས་ནས་གུས་པའི་སྤྱི་སྟེགས་དེ་བཞིན་བོད་མི་མང་པོར་ཕན་ཐོག་ཡོང་ཆེད་རྒྱ་ཁྱབ་ཏུ་རྒྱུད་སྤེལ་གནང་རོགས་ཞུ། ཐུགས་རྗེ་ཆེ།