སྨོན་ལམ་གསུམ་པའི་མཉེན་ཆས་ཀྱི་ནང་གསེས་སྨོན་ལམ་གཉིས་པ་ཟེར་བ་གཙོ་བོ་སྔགས་ཡིག་འབྲི་རྒྱུའི་ཆེད་གཙོ་བོ་ཞིག་ཡོད་པས་མི་ཕལ་མོ་ཆེས་བེད་སྤྱོད་བྱེད་ཀྱི་མེད། སྨོན་ལམ་གསུམ་པ་སྔགས་ཡིག་བཏགས་བྱེད་ཀྱི་མཐེབ་གཞོང་དེ་སྐར་ཁུང་དང་ཀུ་ཤུའི་གློག་ཀླད་ནང་བོད་ཡིག་ལེགས་པོ་འཆར་ཐུབ་པའི་ཁྱད་ཆོས་དམིགས་བསལ་ཞིག་ལྡན་འདུག །མཐེབ་གཞོང་གི་བརྩེགས་ལྡོག་གནོན་སྟངས་ཏོག་ཙམ་མི་འདྲ་བ་ཞིག་འདུག་ཀྱང་དོ་སྣང་ཡག་པོ་དང་བེད་སྤྱོད་ཐེངས་ཁ་ཤས་ཤིག་བྱེད་དང་ཚེགས་མེད་དུ་མཁྱེན་ཐུབ་པ་འདུག
ངའི་བསམ་པར་སྨོན་ལམ་གསུམ་པའི་སྔགས་ཡིག་དེ་གོམས་འདྲིས་སུ་སོང་ན། བོད་ཡིག་བཏགས་རྒྱུར་དུས་ཚོད་ཉུང་བ་འགོར་བ་དང་། ཡི་གེ་མང་པོ་དུས་གཅིག་ཏུ་བཏགས་ཐུབ་རྒྱུ་འདུག
འོན་ཀྱང་མཁྱེན་དགོས་པ་ཞིག་ནི་བཏགས་ཟིན་པའི་ཡི་གེ་དེ་དག་རྒྱལ་སྤྱི་གཅིག་འགྱུར་གྱི་ཨང་བསྒྲིགས་(unicode)སྟེང་གནས་མེད་པས་བཏགས་ཟིན་པའི་ཡི་གེ་དེ་དག་དྲ་ཐོག་ཏུ་བཀོད་རྒྱུར་ཕན་ཐོག་དེ་ཙམ་མི་ཡོང་། དེ་མིན་དཔེ་དེབ་སྒྲིག་རྒྱུ་དང་ཤོག་ངོས་སུ་པར་རྒྱག་བྱེད་ན་འགྲིག
མཐེབ་གཞོང་དེའི་སྐོར་གྱི་ཡིག་ཆ་ཕབ་ལེན།
https://drive.google.com/open?id=0B8MMtztEVG_FZmhJYTdadzBjRFk
སྨོན་ལམ་གསུམ་པ་ཕབ་ལེན་དྲ་གནས།
http://www.monlamit.org/node/53