དྲ་གྲོགས་མང་པོ་ཞིག་གིས་ Adobe Illustrator དང་དེ་མིན་གྱི་མཉན་ཆས་ནང་བོད་ཡིག་བརྩེགས་ལྡོག་ཡག་པོ་སླེབས་མིན་ཐད་བཀའ་འདྲ་ཞུ་མཁན་ཡང་ཡང་སླེབས་ཀྱི་ཡོད་པར་བརྟེན། ད་རེས་རྩོམ་ཡིག་འདི་རྒྱུད་ཕྱོགས་བསྡོམ་གྱི་ལན་ཞིག་བཀོད་འདོད་བྱུང་།
སྤྱིར་མཉེན་ཆས་གང་རུང་ཞིག་གི་ནང་བོད་ཡིག་ལ་རྒྱབ་བསྐྱོར་ཐོབ་མིན་ནི་གཙོ་བོ་མཉེན་ཆས་དེ་ unicode གཞི་བཞག་ཐོག་བསྒྲིགས་ཡོད་མེད་ལ་རགས་ལས་ཡོད། མཉེན་ཆས་ཞིག་ unicode གཞིར་བྱས་ནས་བསྒྲིགས་ཡོད་ན། བོད་ཡིག་ཙམ་དུ་མ་ཟད་དེ་སྔོན་བེད་སྤྱོད་མི་ཐུབ་པའི་སྐད་ཡིག་དེ་དག་ཀྱང་མཉེན་ཆས་དེའི་ནང་སོ་སོའི་སྐད་ཡིག་སྤྱོད་ཐུབ་པ་ཡོང་གི་ཡོད། འོན་ཀྱང་དེ་འདྲ་ནི་ཉེ་དུས་་གསར་དུ་བཟོས་པའི་མཉེན་ཆས་རིགས་ཡིན་ན་གཏོགས། དེ་སྔ་ནས་བཟོས་ཡོད་པའི་མཉེན་ཆས་དང། ཚོང་རྭའི་ནང་རྒྱུགས་ཆེ་བའི་མཉེན་ཆས་རྣམས་ནི་སྒྲིག་གཞི་རྙིང་པ་རང་སྤྱད་དེ་མུ་མཐུད་འགྲོ་བཞིན་པ་ཡིན།
ཕྱིས་སུ་སྒྲིག་གཞི་རྙིང་པའི་ཐོག་བཟོ་པའི་མཉེན་ཆས་དེ་དག་གིས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་སྐད་ཡིག་དང་དེ་མིན་གྱི་སྐད་ཡིག་ཁག་ལ་རྒྱབ་སྐྱོར་ཡོང་སླད་སྐབས་འགར་སྐད་ཡིག་གི་གདམ་ག་སྤྲོད་ཀྱི་ཡོད།
དེར་བརྟེན་ང་ཚོས་རྒྱུན་པར་སྤྱོད་བཞིན་པའི་གཞུང་ལས་མཉེན་ཆས་(Microsoft office)དང་། Adobe ཀྱི་མཉེན་ཆས་ཁག་གི་ནང་བོད་ཡིག་ཡག་པོ་ཤར་ཐུབ་པའི་ཆེད་འདེམས་སྒྲོམ་ལས་ཏོག་ཙམ་སྒྲིག་དགོས་པ་ཀུན་གྱི་ཤེས་གསལ་ལགས།
དེར་སྐབས་འབབ་ Adobe Illustrator ནང་བོད་ཡིག་བརྩེགས་ལྡོག་སོགས་ཡག་པོ་འཆར་དགོས་ན་གཤམ་གྱི་གནད་དོན་ཁག་སེམས་ལ་ངེས་དགོས།
Abode Illustrator གི་ཐོན་རིམ་ཇི་བྱུང་ཚང་མའི་ནང་བོད་ཡིག་ལ་རྒྱབ་སྐྱོར་ཐོབ་མེད། དེ་ནི་བཟོ་བསྐྲུན་པས་བོད་ཡིག་བཀོལ་སྤྱོད་བྱེད་མཁན་ལ་དམིགས་བཀར་དང་དམིགས་བསལ་གྱི་བསམ་བློ་གཏོང་མེད།
Illustrator གི་ཐོན་རིམ་ཨང་ CS5 དང་། CC 2015, CC 2020 དེ་བཞིན་ད་ལྟའི་ཐོན་རིམ་གསར་ཤོས་ CC 2022 ནང་བོད་ཡིག་བཀོལ་སྤྱོད་ལེགས་པོ་ཐུབ་པ་དང་། མཉེན་ཆས་ཐོན་རིམ་དེ་གསུམ་ནང་བོད་ཡིག་བརྩེགས་ལྡོག་དང་འབྲེལ་བའི་དཀའ་ངལ་མེད། དེར་བརྟེན་ Illustrator ནང་བོད་ཡིག་བེད་སྤྱོད་ཡོང་དགོས་ན། ཐོན་རིམ་འདི་གསུམ་སོ་སའི་གློག་ཀླད་ནང་བཅུག་ན་འགྲིག
གོང་དུ་བཤད་པའི་ཐོན་རིམ་དེ་དག་ལས་གང་རུང་གཅིག་ཁྱེད་ཀྱི་བེད་སྤྱོད་བྱེད་ཀྱི་ཡོད་ཚེ། མཉེན་ཆས་དེ་ཡི་འདེམས་ཀ་ལས། Edit > Preference > Type > Language Option > Show Indic Options ཟེར་བ་དེ་གདམ་དགོས། དེ་རྗེས་མཉེན་ཆས་དེ་ཐེངས་གཅིག་བསད། དེ་ནས་ཁ་ཕྱེ་ནས་བོད་ཡོག་བཏགས་ན་ཆ་ཚང་འགྲིག་འགྲོ།
ཁྱེད་ཀྱིས་ཚོད་ལྟ་ཞིག་གནང་། རྩོམ་ཡིག་འདིས་ཕན་ཐོག་བྱུང་མིན་འོག་ཏུ་མཆན་འགོད་གནང་ན་འགྲིག །