གསོག་སྡེར་ནང་མི་མཐོང་བར་འགྱུར་བའི་ཡིག་ཆ་རྣམས་རགས་ཐབས།

ང་ཚོས་མཐེབ་སྡེར་(pendrive)དང་གསོག་སྡེར་(storage device) དེ་དག་གློག་ཀླད་དྲ་མིན་ནང་སྣང་མེད་ངང་བཅུག་རྒྱུའི་གོམས་གཤིས་ཞིག་ཡོད་ལ། གནས་སྟངས་ཁ་ཤས་ཞིག་གི་ནང་ཐབས་ཤེས་མེད་པར་གཞན་གྱི་གློག་ཀླད་ནང་སོ་སོའི་གསོག་སྡེར་བཅུག་ཏེ་དོན་དག་གྲུབ་དགོས་པ་ཡོང་གི་ཡོད། སྟབས་ལེགས་ན་སྐབས་ཕྲལ་སོ་སོའི་དོན་དག་དེ་དག་སྒྲུབ་ཐུབ་པ་ཡོང་གི་ཡོད། འོན་ཀྱང་སྐབས་རེ་སྟབས་མ་ལེགས་པའི་གནས་ཚུལ་ཕྲད་ངེས་གཞན་ཞིག་ནི་གསོག་སྡེར་ནང་དུག་འཕོག་པའི་གནས་སྟངས་དེ་ཆགས་ཡོད།

གསོག་སྡེར་ལ་དུག་རིགས་འདྲ་མིན་དང་། ཤུགས་ཆེ་ཆུང་འདྲ་མིན་འཕོག་རྒྱུ་ཡོད། དེ་དག་ལས་ད་རེས་གུས་པས་ཁྱེད་ལ་སློབ་སྟོན་བྱེད་རྒྱུ་གཅིག་ནི། གསོག་སྡེར་ཁག་གི་ནང་དུག་ཡང་ཡང་འཕོག་མཁན་ “Hidden File Virus” དང་ “Shortcut Virus” དེ་ཡིན། དུག་དེའི་མིང་ནས་གོ་ཐུབ་པ་ལྟར་དུག་འདི་གསོག་སྡེར་ནང་སླེབས་ན། གསོག་སྡེར་ནང་གི་ཡིག་ཆ་རྣམས་མི་མངོན་པ་ཆགས་ཕའམ་ཡིག་ཆ་རྣམས་ shortcut ཀྱི་རྣམ་པ་ཅན་དུ་འགྱུར་གྱི་ཡོད།

གཤམ་དེར་དྲ་དུག་འཕོག་པའི་མཐེབ་སྡེར་ནང་གི་ཡིག་ཆ་དེ་དག་ཚུར་ཤར་ཐུབ་པ་བཟོ་སྟངས་ཀྱི་བརྙན་ཟློས་ཤིག་ཡིན། ཐབས་ཇུས་དེ་ནི་ཧ་ཅང་སྟབས་བདེ་པོ་དང་མི་མང་པོས་ཤེས་ཀྱི་ཡོད། འདིར་གུས་པས་བོད་སྐད་ཐོག་བོད་རིགས་གྲོགས་པོ་རྣམས་ཀྱི་ཆེད་དམིགས་བཀར་གྱིས་བཟོས་པ་ཞིག་ཡིན། 

འགྲོ་སྟངས་ཡིག་འགྲེལ།

  • ངའི་མཐེབ་སྡེར་དེ་གློག་ཀླད་ལ་རྒྱུད་སྐབས་དེའི་མཚོན་དོན་ G: རེད།
  • སྐར་ཁུང་ལས་ Command Prompt ཁ་ཕྱེ། (Win+R)
  • དེ་ནས་སྒེའུ་ཁུང་ཆུང་བ་ཞིག་ཤར་ངེས། དེའི་ནང་ CMD བཀོད་དེ་ ENTER གནོན།
  • སྒེའུ་ཁུང་ནག་པོ་དེ་ཤར་བ་དང་། ཐོག་མར་མཐེབ་སྡེར་ནང་འཛུལ་དགོས།
  • G: བརྒྱག་ནས་ ENTER གནོན།
  • དེ་ནས་གཤམ་གྱི་ཡི་གེ་དེ་དག་མ་ནོར་བར་བཀོད་དེ་ ENTER གནོན་ན་འགྲིག
  •  attrib -s -h -r /s /d *.* 
Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།