དྲ་ཚིགས་ནང་ PDF འཇོག་སྟངས།

དྲ་གྲོགས་འཇམ་དབྱངས་ཚུལ་ཁྲིམས་ལགས་ནས་བཏང་བའི་དྲི་བ་ཞིག་གི་ནང་”དགེ་བསོད་ནམས་ཟླ་བ་ལགས། བཀྲ་ཤེས་བདེ་ལེགས། གུས་པར་བཀའ་འདྲི་ཞུ་རྒྱུ་ཞིག་ཡོད། Blogger ནང་དུ་ PDF ཐོག་ཡོད་པའི་ཡིག་ཆ་རིགས་ནང་འཇུག་ཐུབ་མིན་གྱི་ལན་ཞིག་གནང་རོགས། ་་་་”ཞེས་བཀོད་འདུག

ངའི་ལན་ནི་Blogger དང་དྲ་ཚིགས་གང་འདྲ་ཞིག་ནང་དུའང་ PDF ཡིག་ཆ་འཇོག་ཐུབ། དེའི་བྱེད་སྟངས་སྟབས་བདེ་པོ་ཡོད། གཤམ་དུ་བྱེད་སྟངས་ཀྱི་རྩོམ་ཡིག་དང་བརྙན་ཟློས་གཉིས་ཀ་བཀོད་ཡོད།

PDF ཡིག་ཆ་ཞིག་འཇོག་ཐུབ་པའི་དཔེ་མཚོན་ཞིག

Blogger དང་Wordpress ལྟ་བུའི་དྲ་ཚིགས་ནས་གི་རྩོམ་ཡིག་བཀོད་ས་ཁ་ཕྱེ། ནང་དོན་བཀོད། དེ་ནས་གཤམ་གྱི་སྒྲིག་ཡིག་དེ་དག་དྲ་ཚིགས་ཀྱི་ HTML བཀོད་སའི་ནང་བཏགས་པའམ་མ་ནོར་བར་བཀོད་དགོས། Blogger ལྟ་བུ་ལ་རྩོམ་ཡིག་འབྲི་སའི་སྟེང་དུ་ Compose དང་ HTML ཟེར་བའི་གནོན་ས་མངོན་གསལ་འདོད་པོ་ཡོད། དེའི་ནང་གཤམ་གྱི་HTML སྒྲིག་ཡིག་འདི་བཀོད།

<iframe src="https://docs.google.com/viewer?srcid=XYZ&pid=explorer&efh=false&a=v&chrome=false&embedded=true" width="640px" height="480px">

གོང་གི་སྒྲིག་ཡིག་དེ་ཟང་ང་ཟིང་ངེ་ལྟ་བུ་སྣང་སྲིད་ཀྱང་ཁྱེད་ཀྱིས་དོ་སྣང་བྱེད་དགོས་པ་གསུམ་ལས་མེད། དེ་དག་ནི།

  1. XYZ (དེ་ནི་PDF ཡིག་ཆའི་ཨང་རྟགས།)
  2. width=”640px” (ཞེང་ཚད།)
  3. height=”480px” (དཀྱུས་ཀྱི་རིང་ཚད།)

དེ་ནས་ང་ཚོས་ PDF གི་ཡིག་ཆ་ཞིག་གུ་གུལ་གསོག་སྡེར་(google Drive)ནང་བཅུག་གི་ཡིན། བཅུག་ཟིན་པ་དང་PDF ཡིག་ཆའི་ཐོག་ཙི་ཙི་གཡས་པར་གནོན་ནས་ Share ལ་འགྲོ་དགོས། འདེམས་སྒྲོམ་ཞིག་ཁ་ཕྱེ་ངེས། དེའི་སྟེང་ Get shareable link ཐོག་གནོན། དེ་ནི་ཁྱེད་ཀྱི་ཡིག་ཆའི་དྲ་སྣེ་ལོན་ཐུབ། གཤམ་གྱི་དཔེ་རིས་ལ་གསལ་བ་ལྟར་དྲ་སྣེའི་ཁོངས་ལས་ d/ ནས /view བར་གྱི་ཨང་ཡིག་ 0B8MMtztEVG_FcUdyelZ4X2dFejA དེ་ལེན་ཏེ་གོང་གི་ XYZ ཚབ་ཏུ་བརྗེ་དགོས། width=”640px” height=”480px” ནང་གི་ཨང་ཀི་ཡང་རང་ཉིད་ཀྱི་དྲ་ཚིགས་ཀྱི་ཞེང་ཚད་ལ་དཔག་ཏེ་ཨང་ཀི་བརྗེ་པོ་བརྒྱག་ན་འགྲིག

མཐའ་མ། Publish ཟེར་བའི་ཐོག་གནོན་ནས་རྩོམ་ཡིག་དེ་དྲ་ཚིགས་སུ་སྤེལ།

ཞོར་དུ།

དྲ་ཚིགས་ངོས་སུ་ PDF ཐད་ཀར་འཇོག་རྒྱུའི་ཚབ་ཏུ་ཐབས་ཤེས་གཞན་གཅིག་ཡོད་པ་ནི། དྲ་ཐག་(link)ལ་གནོན་ནས་ཁ་ཕྱེ་ཐུབ་པ་བཟོ་རྒྱུ་ཞིག་ཡོད། གོང་གི་བརྙན་ཟློས་ནང་སྐར་མ་ 2 དང་སྐར་ཆ་ 10 རྗེས་ནས་གཟིགས་ན་མཁྱེན་ཐུབ།
དཔེར་ན། PDF འདིར་གནོན།

བརྙན་ཟློས་ལ་གཟིགས།

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།