camScanner

དེར་ཁྱེད་ལ་ངོ་སྤྲོད་བྱེད་རྒྱུའི་མཉེན་ཆས་དེ་གུས་པས་ཟླ་ཤས་སྔོན་ནས་རྩོམ་བྲིས་ཟིན་ཀྱང་སྤེལ་རྒྱུ་ལུས་འདུག་པས་ལམ་སེང་བཟོ་བཅོས་ཏོག་ཙམ་བཏང་ནས་དེ་རིང་གཞི་ནས་བཀོད་པ་ཡིན།

CamScanner མཉེན་ཆས་འདི་ལོ་གཅིག་སྔོན་ངའི་གྲོགས་པ་ཞིག་གིས་ང་ལ་ཐོག་མར་ངོ་སྤྲོད་བྱས་བྱུང་། དེ་ནས་བཟུང་ངས་མཉེན་ཆས་དེར་དགའ་མོས་དང་བེད་སྤྱོད་ཤུགས་ཆེན་པོ་གཏོང་འགོ་བཙུགས་པ་ཡིན། མཉེན་ཆས་དེ་ད་ལྟ་ངའི་ཁ་པར་ནང་གལ་ཆེ་ཤོས་གཅིག་ཏུ་ཆགས་པ་དང་ནམ་ཡང་ཁ་འབྲལ་མྱོང་མེད། མཉེན་ཆས་དེའི་དམིགས་བྱ་གཙོ་བོ་ནི་སྒེར་གི་ཡིག་ཆ་དང་འཛིན་ཡིག་སོགས་བཤེར་འབེབ་བྱས་པ་ལྟར་ཉར་ཚགས་བྱེད་རྒྱུའི་མཐོན་རྐྱེན་ཞིག་རེད། གློག་ཀླད་དང་བཤེར་འབེབ་གཉིས་ལ་བརྟེན་མི་དགོས་པར། སྟབས་བདེའི་ལག་ཐོག་ཁ་པར་གྱི་པར་ཆས་དང་ CanScanner མཉེན་ཆས་དེ་གཉིས་ཀྱིས་ཡིག་ཆ་ཅི་རིགས་བཤེར་འབེབ་བྱས་ཐུབ།

མཉེན་ཆས་དེའི་ཁྱད་ཆོས།

  • མཉེན་ཆས་དེ་སྤྱད་ནས་ཁྱེད་ཀྱི་དཔེ་དེབ་ཧྲིལ་པོ་བཤེར་ཏེ་གློག་འཕྲུལ་དཔེ་དེབ་ལྟར་ཉར་ཚགས་དང་བལྟ་ཀློག་འགྲེམས་སྤེལ་སོགས་བྱེད་རྒྱུ་ཡོད།
  • བཤེར་འབེབ་བྱེད་པའི་སྐབས་མཚོན་མདངས་དང་དཀར་ཆ་བཟོ་དབྱིབས་སོགས་སྒྲིག་ཆོག
  • བཤེར་འབེབ་བྱས་ཟིན་པའི་ཡིག་ཆ་མང་པོ་ཆགས་ན་འཚོལ་བཤེར་བྱེད་རྒྱུ་ཡོད་པ།
  • བཤེར་འབེབ་ཟིན་པའི་ཡིག་ཆ་དེ་དག་གཞན་ལ་གཏོང་སྐབས་ PDF དང་ JPG རྣམ་པའི་ཐོག་བསྐུར་ཆོག
  • བཤེར་འབེབ་ཟིན་པའི་ཡིག་ཆ་ག་གེ་མོ་ཞིག་ཉེ་ཁྲིད་ཀྱི་དཔར་རྒྱག་འཕྲུལ་འཁོར་ནང་ Print བཤུ་ཐུབ་པ།
  • བཤེར་འབེབ་བྱས་པའི་ཡིག་ཆའི་ཐོག་བཟོ་བཅོས་བྱེད་རྒྱུ་ཡོད་པ།
  • བཤེར་འབེབ་བྱས་པའི་ཡིག་ཆ་རྣམས་དྲ་ཐོག་ཉར་གསོག་ཞབས་ཞུ་ཡོད་པ་སོགས་ཡོད།

དཔེ་མཚོན།

ཁྱེད་ཀྱི་ཡིག་ཆ་རྣམས་དྲ་ཐོག་ཏུ་གསོག་ཉར་ཐུབ་པའི་དཔེ་མཚོན་དུ། CamScanner སྤྱད་དེ་བཤེར་འབེབ་བྱེད་པའི་《བོད་ཡུལ་དུ་སངས་རྒྱས་བསྟན་པའི་དབུ་བརྙེས་ཚུལ་དང་། བསྟན་པའི་སྲོལ་གཏོད་པ། བསྟན་པ་དར་ཞིང་རྒྱས་པར་མཛད་པའི་སྐོར།》 ཞེས་པའི་ལེའུ་དེར་གཟིགས།  https://w103.camscanner.com/share/dixcK/0/w103s1aqj0qpw

མཉེན་ཆས་ཕབ་ལེན།

མཉེན་ཆས་དེ་གཞུང་འབྲེལ་དྲ་ཚིགས་ https://www.camscanner.com/user/download རྒྱུད་ལག་ཐོག་ཁ་པར་གྱི་རྒྱུད་ཁུངས་མ་ལག་ཚང་མའི་ཆེད་དུ་ཕབ་ལེན་བྱེད་རྒྱུ་ཡོད།

གཤམ་འདིར་ཕབ་ལེན་དུ་བཀོད་ཡོད་པ་ནི། ཨན་ཌོའི་མ་ལག་ཆེད་དུ་ཡིན་པ་དང་། ཁྱབ་བསྒྲགས་མེད་ཁར་མཐུན་རྐྱེན་ཆ་ཚང་འཛོམས་ཡོད་པ་དེ་ཡིན།

ཡིག་ཆ་ཆེ་ཆུང། 21.3mb
CamScanner
ཕབ་ལེན།
ཕབ་ལེན།

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།