Microsoft Sway

ཕྲ་མཉེན་ཚང་གིས་ཡིག་ཚང་མཉེན་ཆས་ཀྱི་ཁོངས་སུ་ Sway གསར་བཟོ་དང་ཕྱི་ལོ་ 2014 ཟླ་ 8 པའི་ནང་འགྲེམས་སྤེལ་བྱེད་ཡོད། མཉེན་ཆས་སམ་ཞབས་ཞུ་གསར་པ་དེ་ནི་ད་ཡོད་གློག་ཆས་ཡོད་དོ་ཅོག་གི་ནང་བེད་སྤྱོད་ཐུབ་པ་དང་། ཞབས་ཞུ་དེའི་དམིགས་བྱ་གཙོ་བོ་ནི། དུས་ཚོད་ཐུང་ཐུང་ནང་སློབ་ཁྲིད་ཀྱི་ནང་དོན་འགྲེལ་བརྗོད་ཡིག་ཆ་དང་། ཚོང་དང་ལས་གཞི་ཁག་གི་ལས་འཆར་འགྲེལ་བརྗོད་ཡིག་ཆ་རྣམས་ལས་ལྷ་པོ་ངང་བཟོ་ཐུབ་རྒྱུའི་མཐུན་རྐྱེན་བསྐྲུན་པ་ཞིག་ཡིན། བཟོས་ཟིན་པའི་འགྲེལ་བརྗོད་ཡིག་ཆ་དེ་དག་དྲ་ཐོག་འགྲེམས་སྤེལ་བྱེད་རྒྱུ་དང། གློག་ཆས་ཀྱི་འཆར་ངོས་སུ་དཀའ་ཚེགས་མེད་པར་སྟོན་ཐུབ།

ཕྲ་མཉེན་ཚང་དང་། outlook, hotmail སོགས་ཀྱི་ཁ་བྱང་ཡོད་ན། www.sway.com ནང་འཛུལ་ཐུབ་པ་དང་། ཡིག་ཆ་གསར་བཟོའི་མཐུན་རྐྱེན་ཆ་ཚང་འཛོམས་ཡོད། དྲ་ཚིགས་ཨ་མའི་ནང་མ་འཛུལ་གོང་ sway ཞབས་ཞུ་དེ་བེད་སྤྱོད་བྱེད་སྟངས་ཀྱི་བརྙན་ཟློས་ཐུང་ཐུང་ཁ་ཤས་ཡོད། དེ་དག་ལ་གཟིགས་ནའང་འགྲིག

Sway ཞབས་ཞུ་དེ་བེད་སྤྱོད་བྱེད་པའི་རིང་སྐྱོན་ཆ་ཆེ་ཤོས་ནི་བོད་ཡིག་ཡིག་འབྲུ་རྣམས་ཚགས་ཧ་ཅང་དམ་པོ་འདུག །དེས་ཡིག་འབྲུ་ཕན་ཚུན་འབྲེལ་ཏེ་ཀློག་ཁག་པོ་ཆགས་ཀྱི་འདུག ཞབས་ཞུ་དེ་ཐོག་མར་འགོ་བཙུགས་པ་ནས་ད་བར་ཡར་རྒྱས་མང་པོ་བཏང་ཡོད། ཞབས་ཞུ་གསར་པ་དེའི་མཐུན་རྐྱེན་མང་པོ་ཡོད་པ་དང་། ད་དུང་ལེགས་ཆའི་འགྱུར་བ་མང་པ་གཏོང་བཞིན་ཡོད།

གཤམ་འདིར་ sway སྤྱད་དེ་བཟོས་པའི་བོད་ཀྱི་དཔར་མཛོད་ཆུང་ཆུང་ཞིག་ཡིན། གཤམ་གྱི་ཡིག་ཆའི་ནང་གླུ་གཞས་ཉན་ཐུབ་པ་དང་། གློག་བརྙན་བལྟ་ཐུབ་པ། འདྲ་དཔར་སོགས་ཆེ་ཆུང་བཏང་རྒྱུ་ཡོད།

Sway ནང་ངོས་ཀྱི་སྒྲོམ་གཞི།

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།