བོད་ཀྱི་སྐད་ཡིག་དེ་བཞིན་དེང་གི་ཆ་འཕྲིན་ལག་རྩལ་གྱི་སྤང་བདེ་མོར་ཁ་གཏད་པ་ནས་བཟུང་ཡར་རྒྱས་དང་དར་འཕེལ་གྱི་ཡོ་ལངས་ཞིག་ཚུགས་ཤིང་། མི་རེ་ངོ་རེས་གསར་སྐྱེས་ཀྱི་འདུན་པའི་མེ་ཏོག་རེ་གཏེགས་ཏེ་སྐད་ཡིག་ལ་སྔར་ན་མེད་པའི་གསོན་ཤུགས་གསར་པ་ཞིག་རྒྱས་བྱུང་བ་ནི་དགའ་སྤྲོའི་དཔལ་ལགས། འདས་ཟིན་པའི་དུས་ཚོད་ནང་ང་ཚོས་ཀྱག་ཀྱོག་དང་དཀའ་ཚིགས་ཀྱི་ལམ་ཆུང་དུ་མ་བརྒྱུད་དེ་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་རྨང་གཞི་བཙུགས་ཐབས་བྱས་ཡོད། དེ་ཡང་གཙོ་ཆེ་ཤོས་གཅིག་ཡིག་གཟུགས་བཀོད་སྤྱོད་ཐད་ཡིན། སྔར་ཡིག་གཟུགས་རྣམས་གཅིག་གྱུར་མེད་པ་དང་། སྤྱོད་སྒོ་དང་ཁྱབ་ཆུང་བ། དྲ་ཐོག་ཏུ་བེད་སྤྱོད་དཀའ་བ། རྩིས་འཁོར་དང་མཐུན་སྦྱོར་མེད་པ་སོགས་ཡིན། དེ་ནི་གནའ་སྔ་མོ་སྔ་མོའི་སྐབས་ཀྱི་སྐད་ཆ་རེད།
ད་ཆ་དྲ་མི་(netizen)ཀུན་གྱིས་རྒྱལ་སྤྱི་གཅིག་གྱུར་གྱི་ཡིག་གཟུགས་( unicode font)སྤྱོད་སྒོ་བྱུང་ནས་རང་མི་རིགས་ཀྱི་སྐད་ཡིག་ལ་ཤར་བསྐྱོད་བྱེད་པའི་སྣུམ་ནག་གི་རྒྱ་ལམ་ཞིག་བཏིངས་ཟིན་པ་ཡིན། རྒྱ་ལམ་དེར་བཞུག་པ་ནས་བཟུང་གོང་སྨྲོས་དཀའ་ཚིགས་དེ་དག་ལས་རྣམ་པར་རྒྱལ་བ་དང་། ཆ་འཕྲིན་ལག་རྩལ་ཐོག་བོད་ཀྱི་སྐད་ཡིག་ལ་འགོ་ས་ཞིག་ཐོབ་པ་རེད། ང་ཚོས་ཡི་གེ་གཅིག་གཉིས་ཞིག་བཏགས་ཡས་ནས་འགོ་བཙུགས་ནས། ཕན་ཚུན་བོད་ཡིག་གི་གློག་འཕྲིན་བསྐུར་བ་དང་། གསར་གནས་དང་དུས་དེབ། བོད་ཡིག་གི་དྲ་རྒྱ། སྒེར་གྱི་ཟིན་བྲིས་སོགས་གང་དུའང་སྐད་ཡིག་བཀོད་སྤྱོད་བྱེད་ཐུབ་པ་བྱུང་བ་དེ་ཡིན། གཤམ་ལ་གུས་པས་སྔར་ནས་ད་བར་བེད་སྤྱོད་བཏང་བའི་གསར་རྙིང་གི་ཡིག་གཟུགས་རྣམས་ཕྱོགས་སྒྲིག་བྱེད་རྒྱུའི་འདུན་པ་ཞིག་བྱུང་བས། དེའི་དགེ་ཚན་ནི། གཅིག་ནས་ཡིག་ཆ་རྙིང་པ་བསྐྱར་གསོའི་ཆེད་ཡིག་གཟུགས་རྙིང་པ་དེ་དག་ངེས་པར་དུ་དགོས་པ་དང་། གཉིས་ནས་ཡིག་གཟུགས་གསར་པ་རྣམས་ཕྱོགས་སྒྲིག་བྱས་ནས་ཡིག་གཟུགས་སྣ་ཚོགས་དགོས་མཁན་ལ་རྙེད་བདེ་བའི་ཆེད་དུ་ཡིན། བོད་མཉེན་ཟེར་བའི་སྡེ་ཚན་གསར་པ་ཞིག་ནང་བོད་ཡིག་མཉེན་ཆས་དང་བོད་ཡིག་ཡིག་གཟུགས་ཆ་ཚང་ཕྱོགས་བསྒྲིགས་བྱེད་བཞིན་ཡོད་པས་དྲ་ཐག་འདིར་གཟིགས་པར་ཞུ། http://sonamdawa.com/download/
Unicode Font རྒྱལ་སྤྱི་གཅིག་གྱུར་ཨང་སྒྲིག་ཡིག་གཟུགས།
Shang Shung Fonts (Unicode)
16 Himalaya Fonts (Unicode)
Qomolangma Fonts
Monlam Unicode 13 Fonts
Dzong Kha Fonts (Unicode)
CTRC Font (Unicode)
TCRC and Sambhota Fonts (Unicode)
Other Tibetan Unicode Fonts (Unicode)
NonUnicode Font ཨང་སྒྲིག་རྙིང་པའི་ཡིག་གཟུགས།
- TCRC Bodyig Download


14 Responses
ཡག་པོ་འདུག་ཐུགས་རྗེ་ཆེ། TibetDoc Program ཞེས་པ་དང་མཐུན་པའི་ཡིག་གཟུགས་ཞིག་ཡོད་བཟང་གི
བོད་ཡིག་ཡིག་གཟུགས་དཔེ་ཡག་པོ་འདུག་ཅིང་། བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། གུས་བཀུར་འོས་པའི་སྐུ་ཞབས་མཆོག་ལ། བཀའ་དྲི་ཞུ་རྒྱུ་ཞིག་ལ་གློག་ཀླད་ནང་གི་Microsoft word ནང་དུ་ཡིག་གཟུགས་ Qomolangma-Art འདི་རིགས་བྲིས་ནས་གློག་ཀླད་ནང་དུ་གསོག་ཉར་བྱས་རུང་རྗེས་ཕྱོགས་གློག་ཀླད་ཁ་ཕྱེ་དུས་ཡིག་གཟུགས་རང་འཇགས་མ་གནས་པ་འགྱུར་གྱི་འདུག་ཅིང་། འདི་དག་མི་འགྱུར་བའི་ཐབས་ལམ་གང་ཞིག་ཡོད་དམ། ལམ་སྟོན་ཞིག་གནང་རོགས།
དེར་ཐབས་ཤེས་ཡོད། ཡིག་གཟུགས་དེ་ཉིད་ཡིག་ཆ་མཉམ་དུ་སྦྱར་དགོས། དབྱིན་སྐད་ཐོག་ Embed Font ཟེར་བ་དང། འགྲོ་སྟངས་ནི། གཞུང་ལས་མཉེན་ཆས་དེ་འི་ File > Option > Save > “Embed font in this File” ཟེར་བ་དེ་འདེམས་དགོས། དེ་ནས་ཡིག་ཆ་དེ་ཉར་ཚགས (SAVE) བྱས་ནས་གཞན་ལ་རྒྱུད་བསྐུར་བྱེད་པའམ། གློག་ཀླད་གཞན་ཐོག་ཁ་ཕྱེ་ན་ཡིག་ཇི་མ་ཇི་བཞིན་གནས་ཐུབ།
གྲོགས་པོ་ལགས་ཡག་པོ་བཟོས་འདུག་ད་་་མུ་མཐུད་རོགས་།
ལན་གནང་བར་བཀའ་དྲིན་ཆེ། སྐྱར་དུ་ཞུ་རྒྱུ་ཞིག་ལ། ཡིག་ཆ་གསོག་ཉར་བྱེད་སའི་word Oqtion རྒྱུད་ནས་གསོག་ཉར་ save ནང་དུ་འགྲོ་ནས་དེ་ནས་གང་དུ་འགྲོ་དགོས་མིན་ཤེས་ཀྱི་མི་འདུག །ཞིབ་ཕྲ་གསལ་བཤད་གཅིག་གནང་སྐྱོང་ཡོད་པ་མཁྱེན།
ད་རིང་ལན་ཝར་གྱི་ཡིག་གཟུགས་དེས་ཕན་ཐོག་ཆེན་པོ་ཞེ་དྲགས་བྱུང་།
བཀའ་དྲིན་ཆེ། སྤྱིར་བཏང་ཡག་པོ་འདུག
ཡིག་གཟུགས་འདིེ་ནས་ཕབ་ལེན་གནང་རོགས། https://drive.google.com/drive/folders/1n-YHz-yTrgKipRtTbk3t3KnW8VJAX4RV
ལཉྫ་དང་ཝརྟུའི་ཡི་གེ་གཉིས་ ཨ་པེཌ་ནང་ལ་བེད་སྤྱོད་གཏོང་ཐུབ་ཀྱི་མི་འདུག དེ་ལ་ཐབས་ཤེས་འདྲ་ཡོད་ན་གསུངས་རོགས་ཞུ།
ཡིག་གཟུགས་འདིེ་ནས་ཕབ་ལེན་གནང་རོགས། https://drive.google.com/drive/folders/1n-YHz-yTrgKipRtTbk3t3KnW8VJAX4RV
Would be grateful if there is Tibetan Chogyal font as well
Don’t have this font in my collection at this moment. 🙂
Do you have བརྡ་ཡིག། font
ཡིག་གཟུགས་འདི་མེད།
ཐུགས་རྗེ་ཆེ། ཕན་ཆེན་པོ་འདུག