གུ་གུལ་གྱིས་རང་ཉིད་ཀྱི་དྲ་ཐོག་ཞབས་ཞུ་དེ་བཞིན་ཡག་ཐོག་ཡག་བརྩེག་ཡོད་ཆེད་མངོན་གསལ་ཡོད་པ་དང་མེད་པའི་འགྱུར་བ་མང་པོ་ཞིག་གཏོང་དང་གཏོང་མུས་ཡིན་བཞིན། དེའི་ནང་ཚན་ང་ཚོ་བོད་ཡིག་བཀོལ་སྤྱོད་བྱེད་མཁན་ངོས་ནས་དགའ་ངོས་པ་ཞིག་ནི། Gmail གློག་འཕྲིན་ཞབས་ཞུའི་ཐོག་རྒྱལ་ཁབ་ ༧༥ སྐད་ཡིག་བཅུག་ཡོད་པའི་ནང་བོད་ཡིག་བཏགས་ཆས་རང་སྒྲིག་ཞིག་ཀྱང་ཁ་སྣོན་བྱེད་ཡོད་པ་དེ་ཡིན། བོད་ཡིག་བཏགས་ཆས་དེ་ནི་རྫོང་ཁ་ཡིན་པ་དང་། ཁ་སྣོན་དེས་ཁྱེད་ཀྱི་གློག་ཀླད་ནང་སྨོན་ལམ་གསུམ་པའི་བཏགས་ཆས་སམ་དེ་བཞིན་གྱི་བོད་ཡིག་གི་བཏགས་ཆས་གཞན་གང་ཡང་མི་དགོས་པ་ཆགས་ཟིན།
གལ་ཏེ་ཁྱེད་རང་བོད་ཡིག་མཐེབ་ཞོང་ TCRC དང་ཧི་མ་ལ་ཡ་སོགས་སྤྱད་ཀྱི་ཡོད་ན། རྫོང་ཁའི་མཐེབ་ཞོང་བེད་སྤྱོད་བྱེད་ཤེས་པར་སྐར་མ་ཁ་ཤས་ལས་མི་འགོར། ཀ་ཁ་ག་ང་རྣམས་ཐད་ཀར་སྒྲིག་ཡོད། གཤམ་གྱི་དཔེ་རིས་ལ་གཟིགས་དང་།
བརྩེགས་འདོགས་རིགས་ལ་ SHIFT སྤྱད་དགོས། དཔེ་རིས་གཤམ་ལ་གཟིགས།
Gmail གློག་འཕྲིན་ནང་སྐད་ཡིག་འདེམས་ག་སྒྲིག་སྟངས།
༡༽ ཁྱེད་ཀྱི་Gmail ཁ་ཕྱེ།
༢༽ Setting ལ་གནོན། དེ་ནས་ སྟོད་ཀྱི་ General སྡེ་ཚན་ནང་ “Show all language options” དེར་གནོན་རྗེས་ Enable input tools འདེམས་དགོས།
༣༽ དེ་ནས་སྐད་ཡིག་འདེམས་སྒྲོམ་མངོན་པ་དང། ཁྱེད་ཀྱི་རང་ཉིད་ལ་དགོས་པའི་སྐད་ཡིག་གང་དགོས་འདེམས་རྗེས་གཤམ་གྱི་ OK ཟེར་ས་དེར་གནོན་ན་སྒྲིག
༤༽ དེ་ནས་འོག་མ་འོག་མ་དེར་ “Save Changes” ལ་ཐེངས་གཅིག་གནོན་ནས་འགྱུར་བ་བཏང་ཟིན།
དེ་ལྟར་རང་ཉིད་ཀྱི་གློག་འཕྲིན་ཐོག་སྐད་ཡིག་འདེམས་ག་བསྒྲིགས་ཟིན།
གཤམ་འོག་ཏུ་དཔེ་རིས་ཀྱི་འགྲེལ་བཤད་བཀོད་ཡོད་པས་གཟིགས་ན་མཁྱེན་ངེས།