Mavis Beacon Teaches Typing Platinum v20

མཻ་ཝི་སི་ བྷེ་ཁོན་ ཞེས་པའི་མཉེན་ཆས་དེ་ནི་མཐེབ་གཞོང་བེད་སྤྱོད་གཏོང་སྟངས་དང་། མཛུབ་མོ་འཇོགས་སྟངས། མཐོང་གཞོང་ངོས་སུ་ཡི་གེ་མྱུར་པོ་བཏགས་སྟོན་བྱེད་པའི་མཉེན་ཆས་སྐད་གྲགས་ཡོད་པ་ཞིག་ཡིན། དགེ་རྒན་དང་ཕ་མ་མང་པོས་རང་ཉིད་ཀྱི་སློབ་ཕྲུག་དང་གཅེས་ཕྲུག་ལ་གློག་ཀླད་ཀྱི་མཐེབ་གཞོང་སློབ་བྱེད་ཀྱི་མཉེན་ཆས་དགའ་ཤོས་ཤིག་ཡིིན།

མཉེན་ཆས་དེ་ལ་ 96.8MB ལས་མེདཔས་རྩིས་འཁོར་ཧ་ཅང་རྙིང་པ་ཡིན་ཡང་སྒྲིག་འཇུག་ལས་སླ་པོ་བྱེད་ཐུབ། མཉེན་ཆས་དེའི་ནང་མཐེབ་གཞོང་བེད་སྤྱོད་སྐོར་གྱི་སློབ་ཁྲིད་དང་། སྦྱོང་བརྡར་བྱེད་ས། དེ་བཞིན་རྩེད་མོའི་ལམ་ནས་ཡི་གེ་མགྱོགས་པོ་བཏགས་ཐུབ་པ་བཟོ་གི་ཡོད་པས་སློབ་མ་དང་ཕྲུ་གུ་ཚོས་ཀྱང་ཧ་ཅང་དགའ་མོས་བྱེད་པའི་མཉེན་ཆས་ཤིག་ཀྱང་ཆགས་ཡོད།

མཉེན་ཆས་དེའི་ནང་སྦྱོང་བསྡར་རེ་རེ་སྒྲུབ་པ་དང་། རང་ཉིད་ཀྱི་གྲུབ་འབྲས་ཤར་སྟོན་བྱེད་ཀྱི་ཡོད། རྒྱུན་མཐུད་ནས་སྦྱང་མཁན་ཞིག་ལ་མཚོན་ན་རང་ཉིད་ཀྱི་གྲུབ་འབྲས་དང་ཡར་རྒྱས་མངོན་གསལ་འདོད་པོས་མཐོང་ཐུབ་རྒྱུ་ཡོད།

མཉེན་ཆས་སྤུས་དག་ཁྱེད་ཅག་ལ་ཕབ་ལེན་དུ་བཞག་ཡོད། སོ་སོའི་གློག་ཀླད་ནང་སྒྲིག་འཇུག་བྱེད་དུས་དེ་ལ་གསང་ཨང་དམིགས་བསལ་གང་ཡང་མི་དགོས། ཐད་ཀར་ནང་འཇུག་བྱེད་པའམ་ཡང་ན། “Run as Administrator” བྱེད་དེ་ནང་འཇུག་བྱེད་ནའང་འགྲིགས།

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།