སྙན་གཞས་ཕྱོགས་སྡེབས་ཤིག་དྲ་ཚིགས་སུ་འཇོག་སྟངས།

བཀའ་སློབ་དང་གསུང་ཆོས་དེ་བཞིན་རང་ཉིད་ཀྱི་སྒྲ་བཅུག་བྱེད་པའི་སྒྲ་སྡེབས་སོགས་དྲ་ཚིགས་རྒྱུད་དྲ་གྲོགས་གཞན་ལ་ཉན་བཅུག་འདོད་ཡོད་ན། གཤམ་གྱི་སྟབས་བདེའི་ལག་ལེན་དེ་སྤྱོད་ན་ད་བཟོད་ཁྱེད་ཀྱི་བསམ་དོན་དེ་གྲུབ་ངེས། འདིར་དཔེ་མཚོན་ཞིག་འཇོག་ཡོད།

འགྲོ་སྟངས་ནི།

དྲ་ཚིགས་ཨ་མ་ www.podsnack.com ཐོག་འགྲོ་དགོས། རང་ཉིས་ཀྱི་ངོ་དེབ་དང་། ཇི་མེལ་དང་། ཊའུ་ཊར་གང་རུང་གཅིག་སྤྱད་དེ་དེབ་སྐྱེད་བྱེད་དགོས། རིན་མེད་ཀྱི་ཞབས་ཞུའི་ནང་ཁྱེད་ཀྱིས་ dropbox དང་ youtube ནས་སྙན་གཞས་ཕྱོགས་སྡེབས་བཟོ་རྒྱུ་ལས། རིན་མེད་ཀྱི་ཞབས་ཞུའི་ཐོག་གློག་ཀླད་ནང་ཡོད་པའི་ mp3 དེ་དག་ཐད་ཀར་བླུགས་མི་ཐུབ། གལ་ཏེ་ངེས་པར་དུ་གློག་ཀླད་ཀྱི་ mp3 འགའ་ཞིག་གི་གཞས་སྡེབས་བཟོ་དགོས་ན། དང་ཐོག་ dropbox ནང་ཡར་བཅུག་ནས་བཟོ་ན་འགྲིགས་ཀྱི་འདུག །གཞས་ཆ་ཚང་འདེམས་སྒྲུག་ཟིན་རྗེས་གཞས་སྒམ་མམ་ playlist དེའི་ཕྱི་དབྱིབས་དང་མཚོན་མདོག་སྒྲིག་ས་ཡོད། དེ་དག་ཆ་ཚང་གྲུབ་རྗེས་ HTML གྱི་ code དེ་རང་ཉིད་ཀྱི་དྲ་ཚིགས་སུ་བཀོད་རྒྱུ་དེ་ཡིན། གཤམ་གྱི་རི་མོའི་ནང་གསལ་པོར་བཀོད་ཡོད་པས་དེར་གཟིགས་པར་ཞུ།

རིན་མེད་ཐོག་གཞས་སྡེབས་གཅིག་གི་ནང་གཞས་ལྔ་ལས་འཇོག་མི་ཐུབ། གལ་ཏེ་རིན་པ་སྤྲད་དེ་ཞབས་ཞུ་ལེན་ན། གཞས་སྡེབས་གཅིག་གི་ནང་གཞས་བརྒྱ་ཐམ་པ་འཇོག་ཐུབ་ཀྱི་འདུག འདིར་གཟིགས།

རིན་མེད་ཐོག་གཞས་མང་ཙམ་འཇུག་འདོད་ན། www.reverbnation.com ཐོག་དེབ་སྐྱེལ་བྱེད་ནས་ཚོད་ལྟ་བྱེད་ནའང་འགྲིགས། འགྲོ་ལུགས་ཕལ་ཆེར་འདྲ་པོ་རེད།

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།