གུ་གུལ་གྱི་ཞབས་ཞུ་གསར་པ་ Photos

ཁ་སང་གུ་གུལ་ཀམ་པ་ཎི་གིས་འདྲ་དཔར་གསོག་སའི་ཞབས་ཞུ་ Photos ཞེས་པ་ཞིག་འགྲེམས་བསྒྲགས་བྱེད་ཡོད། འདྲ་དཔར་གྱི་ཞབས་ཞུ་དེས་དེ་སྔའི་ Google+ གྱི་ནང་དུ་ལུས་པའི་འདྲ་དཔར་ཉར་སའི་སྡེ་ཚན་དེ་བརྗེ་འགྱུར་དང་། དམིགས་ཀར་ཨེཔྶ་ཤིག་བཟོས་ཏེ་དེང་གི་ལག་ཐོག་ཁ་པར་ནང་དང་གློག་ཆས་ནང་སྒྲིག་འཇུག་བྱེད་རྒྱུ་ཡོད་པ་བཟོས་ཡོད།

ཞབས་ཞུ་གསར་པ་དེའི་ཕན་ཐོག་ཆེ་ཤོས་གཅིག་ནི་ཁ་པར་གྱི་ཤོང་ཚད་མི་འདང་བའི་གནད་དོན་སེལ་ཐུབ་པ་དེ་ཡིན། ཁྱེད་ཀྱི་གློག་ཀླད་དང་ཁ་པར་ནང་ཡོད་པའི་དཔར་དང་བརྙན་ཐུང་ཡོད་དོ་ཅོག་དྲ་ཐོག་ཏུ་གསོག་ཉར་བྱེད་དེ་གློག་ཀླད་དང་ཁ་པར་གྱི་གསོག་ཆས་ལ་རེ་མི་དགོས་པ་ཆགས་ཐུབ་པ་བྱེད་རྒྱུ་དེ་ཡིན། སྤྱིར་བཏང་གུ་གུལ་ནང་ཁྱེད་ལ་དང་པོ་ནས་ཇི་བྷི་ 15 བྱས་པའི་སྟོང་ཆ་ཡོད། དེའི་ནང་ཁྱེད་ཀྱི་བརྙན་དཔར་དང་ཡིག་ཆ་ཅི་རིགས་བཞག་ཆོག །གལ་ཏེ་དཔར་ཆས་ཀྱིས་རྒྱག་པའི་དཔར་དེ་དག་ཨེམ་པི་ 16 ཅན་དང་གློག་བརྙན་ཀྱི་གསལ་ཆ་ 1080p ཐོག་སྒྲིག་ན་ཞབས་ཞུ་དེ་གའི་ནང་ཡིག་ཆ་འཇོག་སའི་སྟོང་ཆ་རྫོགས་མེད་དུ་སྤྱོད་རྒྱུའི་མཐུན་རྐྱེན་ཞིག་ཀྱང་འདུག །མཐུན་རྐྱེན་དེ་ལེན་པར་དྲ་ཐོག་ཏུ་ http://photos.google.com བཀོད་དེ་སྒྲིག་སྒྲོམས་ setting ནང་སྒྲིག་པའམ། ཁ་པར་ནང་ Photos ཞེས་པའི་ཨེཔྶ་དེ་ཕབས་ལེན་སྒྲིག་འཇུག་བྱས་ཏེ་ setting ནང་ནས་སྒྲིག་ན་འཐུས།

ཞབས་ཞུ་གསར་པ་དེར་དམིགས་བསལ་གྱི་ཁྱད་ཆོས་ཁ་ཤས་ཡོད་པ་ནི།

  • འདྲ་དཔར་ནང་འཚོལ་ཞིབ་བྱེད་བདེ་བ། འཚོལ་ཞིབ་བྱེད་པའི་སྐབས་མཚོན་མདོག །མི་དངོས་ཅི་རིགས་ལ་གཞི་བཞག་ནས་བཙལ་ཐུབ་པ།
  • དམིགས་ཀར་གྱིས་དཔར་གཞན་ལ་བཏང་བའམ་དྲ་ཐོག་ཏུ་སྤེལ་བ་མ་གཏོགས་གཞན་རྣམས་གསང་བ་དམ་པོར་ཉར་ཐུབ་པ།
  • ཞབས་ཞུ་དེ་གའི་ཐོག་དཔར་ལ་བཟོ་བཅོས་བྱེད་པའི་ཆ་རྐྱེན་འཛོམ་ཡོད།
Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།