དྲ་ཚིགས་ངོས་སུ་འགུལ་རིས་ཅན་(Image Slider)གྱི་དཔར།

སོ་སོའི་དྲ་ཚིགས་སྟེང་དུ་འགུལ་རིས་ཅན་གྱི་དཔར་འཇོག་དགོས་ན་ཐབས་ཤེས་རྣམ་གྲངས་མང་དག་ཞིག་ཡོད། འགའ་ཞིག་མཉེན་ཆས་ཀྱི་རོགས་བསྐྱོར་འོག་ལས་ལྷ་པོའི་ངང་བཟོ་ཐུབ་པ་དང་། འགའ་ཞིག་ HTML དང་ CSS, JavaScript སོགས་ཀྱི་ལག་རྩལ་སྤྱད་དེ་བཟོ་དགོས་ཀྱི་ཡོད། དེ་གཉིས་མིན་པའི་ཐབས་ཤེས་གསར་པ་གཅིག་ནི། http://imageslidermaker.com/ ཟེར་བའི་དྲ་ཚིགས་དེའི་ཐོག་བརྙེད་ཐུབ། དྲ་ཚིགས་དེ་ནི་གུས་པས་དུས་ཡུན་རིང་པོར་དྲ་བཤེར་བྱེད་པའི་རྒྱུད་བརྙེད་པའི་ཆེས་ལེགས་ཤོས་ཀྱི་ Image Slider བཟོ་ས་ཞིག་ཏུ་མཐོང་། བཟོ་སྒྲིག་བྱེད་སའི་སྟེགས་བུ་དེ་ནི་ཧ་ཅང་སྟབས་བདེ་པོ་དང། དྲ་ཚིགས་ནང་སྒྲིག་འཇུག་བྱེད་སྟངས་ཐབས་གསལ་པོ་སྟོན་ཡོད། ཐད་ཀར་ཞུས་ན་ད་བར་ཇུས་བཀོད་བྱས་པའི་དྲ་ཚིགས་མང་པོ་ཞིག་གི་འགུལ་རིས་ཀྱི་དཔར་རྣམས་དྲ་གནས་དེ་ནས་བཟོས་མྱོང། དཔེར་ན།

འགུས་རིས་ཀྱི་དཔར་བཟོ་སའི་དྲ་གནས་དེ་ཡར་རྒྱས་དང་། དེའི་ཐོན་རིམ་གཉིས་པ་ད་ལྟ་ཚོད་ལྟའི་ཐོག་འཇོག་ཡོད་པ་ཁྱེད་ཀྱི་དེབ་སྐྱེལ་ལམ་ཡང་ན་ཐད་ཀར་དྲ་གནས་དེ་ནས་ beta.imageslidermaker.com བརྙེད་ཐུབ། ཐོན་རིམ་གསར་པ་དེའི་ནང་བཟོ་བཀོད་ཀྱི་རྣམ་པ་མང་དུ་འགྲོ་ཡོད་པ་མ་ཟད། འདེམས་ག་དང་། བཟོ་སྒྲིག་བྱེད་ས་སོགས་ཕྱོགས་ཚང་མ་སྤུས་དག་ཏུ་བཏང་འདུག

གུལ་རིས་ཀྱི་དཔར་ཞིག་སྒྲིག་བཟོ་བྱས་ཟིན་པ་དང་། འོག་ཏུ་ HTML code གཉིས་དང་ CSS code གཅིག་བཅས་རིམ་པ་གསུམ་དེ་དག་སོ་སོའི་དྲ་ཚིགས་ཀྱི་ནང་ཇི་ལྟར་འཇུག་ཚུལ་ཁ་གསལ་སྟོན་ཡོད།

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།