སྐྱོན་ཤོར་བའི་ Excel ཡིག་ཆ་བསྐྱར་གསོ།

ཨེཀ་སཱེལ་ (Excel) ནི་ཐོ་དང་རྩིས་གཞི་བཀོད་དེ་རྩིས་ཁྲ་ཉར་ཚགས་དང་དབྱེ་ཞིབ་བྱེད་ཐུབ་པའི་མཉེན་ཆས་ལེགས་པོ་ཞིག་ཡིན། ཕྲེད་སྟར་གྱི་རེའུ་མིག་ངོས་སུ་གྲངས་ཐོ་བཀོད་རྒྱུ་ཡོད་པ་མ་ཟད་གྲངས་ཐོ་དེ་དག་ཕན་ཚུན་སྣོན་འཐེན་སོགས་ཨང་རྩིས་ཅི་རིགས་བརྒྱག་རྒྱུ་ཡོད། ཆེད་ལས་པ་ཚོས་ཨེཀ་སཱེལ་སྤྱད་དེ་དུས་ཚོད་རིའུ་མིག་དང་ལས་འཆར་རྣམ་ལྟ་ཀློག་བདེ་པོ་བཟོ་ཐུབ་པ་མ་ཟད། དངུལ་རྩིས་འབྱུང་སོང་གི་ཐོ་དང་། ཁྲལ་འབབ་དང་ཁེ་འབབ། མ་འབོར་དང་ཚོང་གི་འགྲོ་རྒྱུག་སོགས་རྩིས་ཐུབ་པ་དང་སྔོན་དཔགས་སོགས་བྱེད་ཐུབ། དེར་བརྟེན་ཨེཀ་སཱེལ་ནང་བཟོས་པའི་ཡིག་ཆ་དེ་དག་ནི་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་དང་། ཨེཀ་སཱེལ་ཡིག་ཆ་དེ་རིགས་སྣང་མེད་ཤོར་ཏེ་འཕྲོག་བརླག་འགྲོ་གཞི་ཡང་ཉུང་ཉུང་མ་རེད།

ཨེཀ་སཱེལ་གྱི་ཡིག་ཆ་ཞིག་སྐྱོན་ཤོར་རིགས་མང་ཆེ་བར་ “Access denied”, “???.xls file format is invalid”, “Cannot access read only documents ???.xls”……. ཟེར་བའི་ཡི་གེ་མང་པོ་ཞིག་ཤར་ངེས། ཡི་གེ་དེ་ཤར་བའི་རྗེས་ཁྱེད་ཀྱི་ཡིག་ཆ་དེ་ཁ་འབྱེད་མི་ཐུབ་པའམ། ཁ་ཕྱེ་ཐུབ་ཀྱང་ནང་ངོས་ཀྱི་རྩིས་ཁྲ་རྣམས་འཕྲོག་བརླག་འཐེབས་ཡོད།

གནས་སྟངས་དེ་འཕྲད་པའི་སྐབས་ཁྱེད་ལ་བསྐྱར་གསོ་ (Repair) བྱེད་ཀྱི་ཡིན་ནམ་ཞེས་པའི་འདེམས་ག་གཅིག་མངོན་སྲིད། Repair ཟེར་བའི་ཡི་གེ་ཞིག་ཤར་ན་དེའི་སྟེར་གནོན་ནས་ཡིག་ཆ་བསྐྱར་གསོ་བྱེད་ཐུབ་རྒྱུར་རེ་བ་བཅོལ་རྒྱུ་ལས་མེད། གལ་ཏེ་ཡིག་ཆ་དེ་སྐྱོན་འགྲོ་གཞི་ནི་དྲ་དུག་ཡིན་པ་དང་། འཐེབ་སྡེར་ལ་སྐྱོན་བྱུང་ནས་ཡིག་ཆ་ཁ་མི་ཕྱེ་བ་སོགས་ཡིན་ན་སྐྱོན་འགྲོ་གཞི་ལ་གཞིགས་པའི་གནད་དོན་སེལ་ཐབས་གནང་དགོས། གལ་ཏེ་ཨེཀ་སཱེལ་གྱི་ཡིག་ཆ་དེ་རིགས་སྐྱོན་འགྲོ་གཞི་རྩ་བ་ནས་ཧ་མ་གོ་ན་མཉེན་ཆས་དམིགས་བསལ་ཅན་དེ་འདྲ་སྤྱད་ཆོག

“Kernel for Excel Repair” ནི་ཨེཀ་སཱེལ་ཡིག་ཆ་སྐྱོན་ཆགས་པ་རྣམས་བསྐྱར་གསོ་བྱེད་ཐུབ་ཆེད་ཀྱི་མཉེན་ཆས་རྩེ་ཕུད་ཅིག་རེད། མཉེན་ཆས་དེས་ཨེཀ་སཱེལ་གྱི་ཡིག་ཆ་གསར་རྙིང་(.xls / .xlsx) གཉིས་ཀ་ངོས་བཟུང་ཐུབ་པ་དང་པ་ཨེཀ་སཱེལ་ནང་ངོས་ཀྱི་རྩིས་ཁྲ་སོར་ཆུད་ཟིན་མཚམས་ཡིག་ཆ་གཞན་ཞིག་བཟོས་པ་ལས་སྐྱོན་ཆར་ཤོར་བའི་ཡིག་ཆ་ཨ་མ་དེར་ཐོ་མི་གཏོང་བའི་ཁྱད་ཆོས་ལྡན་ཡོད།

མཉེན་ཆས་སྒྲིག་འཇུག་བྱེད་སྟངས།

  1. སྒྲིག་འཇུག་བྱེད་སྐབས་དྲ་རྒྱ་བཀག་མི་དགོས།
  2. མཉེན་ཆས་ཕབ་ལེན་ཟིན་པ་དང་། ཁ་བཤིག། དེ་ནས་ཡིག་ཁུག་ནང་ Setup-Kernel-Excel-Full.exe ཐོག་གནོན་སྟེ་སྒྲིག་འཇུག་བྱེད་དགོས།
  3. keygen.exe ཟེར་བ་དེ་ནི་གསང་ཟ་གཏོར་ཆས་དེ་རེད། keygen.exe ཁ་ཕྱེ་ནས་དེའི་སྟེང་གློག་འཕྲིན་ཁ་བྱང་ཞིག་བཀོད། Generate ལ་གནོན་ན། གསང་ཨང་ལོན་ཐུབ།
  4. སྒྲིག་འཇུག་ཟིན་པ་མཉེན་ཆས་དེས་གློག་འཕྲིན་ཁ་བྱང་དང་གསང་ཨང་ཁྱེར་ཤོག་ལབ་ངེས། དེ་དུས་གློག་འཕྲིན་ཁ་བྱང་གསང་ཨང་དེ་བླུགས་དགོས།
  5. དེ་ལྟར་མཉེན་ཆས་དེ་ནུས་པ་ཆ་ཚང་བེད་སྤྱོད་ཡོང་ཐུབ།

མཉེན་ཆས་ཕབ་ལེན།

ཡིག་ཆ་ཆེ་ཆུང་། 2.2mb
Kernel for Excel Repair 10.10.01
ཕབ་ལེན།
ཕབ་ལེན།

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།