Camera360 Ultimate

ཨ་རི་དང་། ཇར་མན། བྷེ་རི་ཛིལ། སི་པཱན། ཨུ་རུ་སུ། ཀོ་རི་ཡ། སིང་ག་པུར། མཱ་ལེ་ཤི་ཡ། རྒྱ་གར། རྒྱ་ནག་སོགས་རྒྱལ་ཁབ་ 75 ནང་ཚད་བསྡུར་བྱེད་དེ་དཔར་རྒྱག་མཉེན་ཆས་ལེགས་ཤོས་དང་ཨང་དང་པོར་བརྩི་བ་ནི་ Camera360 ཟེར་བ་དེ་ཡིན། ཁྱེད་ཀྱི་ཁ་པར་ནང་དཔར་ཆས་དེ་རྩ་བ་ནས་མེད་པའམ་ཡང་ན་ཚོད་ལྟ་ཞིག་ཀྱང་བྱ་མི་འདོད་ན་དངོས་གནས་ཕང་དགོས་པ་ཞིག་ཡོང་ངེས།

མཉེན་ཆས་དེ་ནི་རིན་མེད་ཡིན་ཁར་དཔར་བཟོའི་ཆ་རྐྱེན་ཆ་ཚང་འཛོམས་ཡོད། དཔར་རྒྱག་པའི་སྐབས་མཚོན་དང་འོད་མདངས་མི་འདྲ་བ་ 200 ལྷག་སྒྲིག་སྟེ་ཆེད་ལས་དཔར་རྒྱག་པའི་ལག་རྩལ་སྤྱད་པ་ལྟར་ཡུལ་ལྗོངས་དང་མི་སྣ་སོགས་ཀྱི་ངོ་གདོང་ཧ་ཅང་གཙང་ལ་ཡིད་དབང་འགུལ་ཐུབ་པ་ཞིག་ལེན་ཐུབ།

Camera360 གྱི་ཁྱད་འཕགས་ཀྱི་ལེགས་ཆ་ཁག་ནི།

  • དཔར་རྒྱག་རྣམ་པ་ 10 རིན་མེད། ( དེའི་ནང་ SELFIE CAMERA, Effect CAMERA, POSTER CAMERA, FUNNY CAMERA, TILT-SHIFT CAMERA, AUDIO CAMERA, VIDEO AND MORE འཚུད་ཡོད།)
  • མཚོན་དང་འོད་མདངས་ 200 ལྷག་སྒྲིག་རྒྱུ་ཡོད་པ།
  • བརྒྱག་ཟིན་པའི་དཔར་དེ་དག་དྲ་ཚིགས་སུ་ཉར་གསོག་བྱེད་རྒྱུ་ཡོད་པ།
  • མཉེན་ཆས་དེ་ཡོད་མཁན་གྱི་ཁ་པར་གཉིས་དབར་དཔར་བདེ་མྱུར་བརྗེ་ལེན་ཐུབ་པ།
  • ངོ་གདོང་ངོས་ཟིན་པ་ཐུབ་པ་དང་། ངོ་གདོང་གཙང་བཟོ་བྱེད་རོགས།
  • དཔར་བཟོ་སྒྲིག་བྱེད་རྒྱུའི་མཐུན་རྐྱེན་འཛོམས་པ།
  • ངོ་དེབ་དང་། ཊེའུ་ཊར། ཨིནསི་ཊནྜ་ག་རམ་ཐོག་སྤེལ་ཐུབ་པ།
  • མཉེན་ཆས་ཀྱི་ངོས་སུ་དོན་མེད་ཀྱི་ཁྱབ་བསྒྲགས་དེ་རིགས་མེད་པ།

ཉེ་ཆར་ཕྱི་ཟླ་ ༥ ནང་མཉེན་ཆས་དེ་རིམ་པ་གསར་བརྗེ་དང་ཐོན་རིམ་ཨང་ v6.2 ཟིན་ཡོད། ཐོན་རིམ་དེའི་ཁོངས་སུ་ཞབས་ཞུ་མང་པོ་ཁ་སྣོན་བྱས་ཡོད་པ་དང་། མཉེན་ཆས་ཀྱི་བཀོད་པར་སྔར་ལས་ལྷག་པའི་ཡར་རྒྱས་དང་གཙང་དུ་འགྲོ་འདུག །དེ་བཞིན་དྲ་ཐོག་དཔར་གསོག་སའི་ངོས་དེ་ཡང་སྙིང་རྗེ་རུ་བཏང་ཡོད་པ་དང་འཚོལ་བཤེར་དང་། ཕབས་ལེན། སྤྱི་ཚོགས་དྲ་འབྲེལ་ཞབས་ཞུ་ཁག་ཏུ་སྤེལ་སྟབས་བདེ་པོ་ཆགས་འདུག Camera360 དེའི་ནུས་པ་ཆ་ཚང་སྤྱོད་ཐུབ་པའི་ཆེད་ཁྱེད་ཀྱི་མཉེན་ཆས་དེའི་ཐོག་དེབ་སྐྱེལ་བྱེད་དགོས། དེབ་སྐྱེལ་བྱེད་པར་ཁྱེད་ཀྱི་ངོ་དེབ་ཁ་བྱང་ངམ། གུ་གུལ་ཁ་བྱང་སྤྱད་ཆོག །དེ་ནས་སྒྲིག་སྒྲོམ་ཐོག་ Upload Setting ནང་དྲ་ཐོག་ཏུ་ཉར་གསོག་ཇི་ལྟར་བྱེད་མིན་སྒྲིག་དགོས། དེབ་སྐྱེལ་བྱེད་པའི་ཁ་བྱང་དེ་ཡིས་ http://clould.camera360.com ཐོག་གཟིགས་ཐུབ།

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།