Coolmuster iPad/iPhone/iPod to Computer Transfer

iPhone དང་ iPad, iPod བེད་སྤྱོད་བྱེད་མཁན་ལ་ངེས་པར་དུ་མཁོ་བའི་མཉེན་ཆས་ལེགས་པོ་ཞིག་ཡིན། མཉེན་ཆས་དེས་ཁྱེད་ཀྱི་iPhone དང་ iPad, iPod སོགས་ཀྱི་ནང་ཡོད་པའི་འཕྲིན་ཐུང་དང་། བརྙན་དཔར། སྐད་སྒྲ། གཞས། འཕྲུལ་དེབ་སོགས་ཡིག་ཆ་རྣམས་བདེ་བླག་ངང་གློག་ཀླད་ནང་བལྟ་ཐུབ་པ་དང་བཤུ་ཡང་ཐུབ། རྒྱུན་གཏན་ iTune བེད་སྤྱོད་བྱེད་རྒྱུར་མགོ་རྙོག་ཏུ་མཐོང་མཁན་ཚོར་མཉེན་ཆས་དེ་ནི་སྲོག་སྐྱོབས་དྲིན་ཅན་ཞིག་དང་ཨ་ན་མ་ན་རེད།

མཉེན་ཆས་དེའི་སྟེང་འཚོལ་བཤེར་བྱེད་ས་དེ་ཡང་ཕན་ཐོག་ཆེན་པོ་འདུག །སོ་སོར་དགོས་པའི་ཡིག་ཆའི་མིང་དེ་འདིར་བཀོད་དང་ལམ་སེང་རྙེད་ཐུབ་ཀྱི་འདུག །མཉེན་ཆས་དེ་ད་ལྟ་ཐོན་གསར་ཤོས་ཡིན་པར་བརྟེན་ཀུ་ཤུའི་གློག་ཆས་ iPhone 6, iPhone 6 Plus, iPhone 5S, iPhone 5C, iPhone 5, iPad mini, iPad with Retina display, iPod touch 5 སོགས་ཀྱི་ཆེད་བེད་སྤྱོད་ཐུབ་ཀྱི་འདུག

ཁྱེད་ལ་ iPhone ཡོད་ན་མཉེན་ཆས་དེ་བེད་སྤྱོད་བྱེད་སྐབས་ iPhone གི་ཏར་སྐུད་སྤྱད་དེ་ཁྱེད་ཀྱི་ iPhone དང་གློག་ཀླད་གཉིས་མཐུད་དགོས། གལ་ཏེ་ iPhone གི་གདོང་ངོས་གློག་ཀླད་དེར་ཡིད་ཆེས་ཡོད་མེད་དྲིས་ན། Trust ཐོག་ངེས་པར་དུ་གནོན་དགོས།

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།