Word དང་ PPT ནང་ཡིག་གཟུགས་མཉམ་དུ་བཅུག་སྟངས།

PowerPoint སྤྱོད་མཁན་མང་པོ་ཞིག་ལ་གཅིག་འགྱུར་གྱི་དཀའ་ངལ་འཕྲད་བཞིན་པ་གཅིག་ནི། བཟོ་བཀོད་ལེགས་པོ་བྱས་ཟིན་པའི་ཡིག་ཆ་དེ་གཞན་ལ་སྤྲོད་པའི་སྐབས་ཡིག་ཆའི་ནང་གི་ཡིག་གཟུགས་ཏག་ཏག་མ་བསྡད་པ་དེ་ཡིན།

གྲོགས་པོ་ཀ་པས་བཟོས་ཟིན་པའི་ PowerPoint དེ་གྲོགས་པོ་ཁ་པས་ཁ་ཕྱེ་དུས་ཡིག་འབྲུ་མི་འཆར་བའམ་ཡིག་གཟུགས་འགྱུར་བ་འཐེབས་ཡོད། གལ་ཏེ་གྲོགས་པོ་ཁ་པས་ཤོག་ངོས་རེ་རེ་བཞིན་བསྐྱར་སྒྲིག་བྱ་དགོས་བྱུང་ན་དུས་ཚོད་འཕྲོག་བརླག་འགྲོ་གཞི་ལས་མ་བསྡད། དེར་བརྟེན་གནད་དོན་དེ་འཕྲད་མཁན་ཞིག་གིས་དེ་སེལ་ཐབས་ཤིག་ཡོད་དམ་སྙམ་སྲིད། གང་ལྟར་ཁྱེད་ཀྱིས་་ PowerPoint ཞིག་གཞན་ལ་འགྲེམས་སྤེལ་བྱེད་སྐབས་ནང་དོན་དང་བཟོ་བཀོད་ཇི་མ་ཇི་བཞིན་ཏག་ཏག་བསྡད་ཐུབ་མིན་ཐད་ལ་གཏན་གཏན་བསམ་བློ་ཞིག་གཏོང་དགོས་ངེས་སེམས།

དེང་དྲ་ཐོག་དང་གློག་ཀླད་གཉིས་ཀའི་ནང་ཡིག་གཟུགས་གྲངས་ལས་འདས་པ་འདེམས་རྒྱུ་ཡོད། དགོས་པའི་དབང་གི་དམིགས་བསལ་གྱི་ཡིག་གཟུགས་དེ་འདྲ་ཡང་ཁྱེད་ཀྱིས་སྐབས་རེ་ PowerPoint ཡིག་ཆའི་ནང་སྤྱད་སྲིད། ཡིག་གཟུགས་དེ་རིགས་བེད་སྤྱོད་བཏང་བའི་སྐབས་ཁྱེད་ཀྱི་གློག་ཀླད་ནང་ལེགས་པོ་འཆར་སྲིད་ཀྱང་། གློག་ཀླད་གཞན་གྱི་ནང་དེ་ལྟར་གཅིག་པ་འཆར་བའི་ངེས་པ་མེད། གལ་ཏེ་ཁྱེད་ཀྱི་བཟོས་པའི་ PowerPoint ཡིག་ཆ་དེའི་ཇུས་འགོད་དང་ཡིག་གཟུགས་དེ་དག་གཅིག་པ་གཅིག་རྐྱང་གནས་ཐུབ་པ་དགོས་ན། གཤམ་གསལ་གྱི་ཐབས་ཤེས་དེ་སྤྱད་ན་འགྲིག

  1. ཡིག་ཆའི་རྒྱབ་སྒྲོམ་ File ཐོག་གནོན་རྗེས། གཡས་ཕྱོགས་ཀྱི་གཤམ་དེར་ Option ལ་གནོན།
  2. གཤམ་གྱི་དཔེ་རིས་ལྟར་འདེམས་སྒྲོམ་སྔོན་པོ་དེ་འཆར་རྗེས། Save ཟེར་བའི་ནང་གསེས་སུ་ 
    • Embed fonts in the file དང་དེའི་ནང་གསེས་ 
      • Embed all characters (best for editing by other people) གཉིས་འདེམས་དགོས།
  3. དེ་རྗེས་ཡིག་ཆ་དེ་ཉར་ཚགས་ (save) བྱས་རྗེས་གཞན་ལ་འགྲེམས་སྤེལ་བྱས་ཀྱང་ཡིག་ཆའི་ནང་གི་ཡིག་གཟུགས་རྣམས་མི་འགྱུར་བའི་ཁྱད་ཆོས་ལྡན་ཐུབ།

ཁྱེད་ཀྱི་ཐབས་ཇུས་དེ་ Word དང་ Excel, Publisher སོགས་ཀྱི་ནང་རིག་པ་འབྲེལ་ཆོག །ངས་ཚོད་ལྟ་བྱས་པའི་རྒྱུད་ཡིག་ཆའི་མཉམ་དུ་ཡིག་གཟུགས་བཅུག་ཡོད་པའི་ཡིག་ཆ་དེ་རིགས་དྲ་ཚིགས་སུ་བཀོད་ཀྱང་ཧ་ཅང་ལེགས་པོ་ཡོང་གི་འདུག །དཔེར་ན་གཤམ་གྱི་ PowerPoint གྱི་ཡིག་ཆ་དེར་གཟིགས་དང།

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།