ངེས་པར་དུ་མཁྱེན་དགོས་པའི་སྐར་ཁུང་གི་མྱུར་མཐེབ་ཉི་ཤུ།

སྐར་ཁུང་བཅུ་པ་གསར་དུ་ཐོན་པ་དང་དེ་དང་མཉམ་དུ་མཐེབ་གཞོང་གི་མྱུར་མཐེབ་ (Keyboard shortcuts) མང་པོ་ཞིག་ཁ་སྣོན་བྱས་ཡོད། དེར་ང་ཚོས་སྐར་ཁུང་གི་མྱུར་མཐེབ་ལེགས་ཤོས་དང་ཤེས་བདེ་ཤོས་འགའ་ཁྱེད་ལ་ངོ་སྤྲོད་ཞུ་རྒྱུ་ཁུལ་བྱས། སྐུ་ཉིད་ནས་རྩོམ་ཡིག་འདིར་ལྟ་ཀློག་བྱེད་ཞོར་མཛུབ་མོ་མཐེང་གཞོང་ཐོག་བཀལ་ཏེ་ཚོད་ལྟ་ཐེངས་ཁ་ཤས་ཤིག་གནང་ཐུབ་ན་ད་བཟོད་བློ་ངོར་ཆུད་ཐུབ་ངེས།

ང་ཚོ་ཕལ་ཆེ་བས་མཐེབ་གཞོང་ལས་ Ctrl+C དང་ Ctrl+V, Alt+F, Ctrl+Alt+G ཟེར་བ་སོགས་བཀོལ་སྤྱོད་བྱེད་མྱོང་ཡང་སྐར་ཁུང་Winགི་ལས་རྟགས་ཡོད་པའི་མཐེབ་གནོན་དེ་ཙམ་སྤྱོད་ཀྱི་མེད། གང་ལྟར་མི་ཞིག་གིས་མྱུར་མཐེབ་ཇི་ཙམ་མང་བ་ཤེས་པ་དེ་ཙམ་གྱིས་གློག་ཀླད་ཐོག་འཇུག་བདེ་བ་དང་ལས་དོན་མྱུར་པོ་གྲུབ་ཐུབ་པའི་ཁྱད་པར་ཡོད་པ་བརྟེན། གཤམ་དུ་མཐེབ་གཞོང་ངོས་ཀྱི་སྐར་ཁུང་Winགི་ལས་རྟགས་ཡོད་པ་དེ་བཀོལ་སྤྱོད་བྱེད་སྟངས་གཙོ་ཆེར་ཆད་པ་ཡིན།

སྐར་ཁུང་ 10 མྱུར་མཐེབ་གསར་པ།

  •  Win+ C :  Cortana སྒོ་ཕྱེ་ནས་ཁྱེད་ཀྱི་བཀའ་ལ་སྒུག་ནས་བསྡད་ཀྱི་རེད།
  •  Win+ I : སྒྲིག་བཀོད་སྟེགས་སྒྲོམ་ (Settings) ཁ་ཕྱེ།
  •  Win+ S : Cortana མཉེན་ཆས་དངོས་ཁ་ཕྱེ།
  • Win+ Tab : ཁ་བསྔོག་བཞག་པའི་མཉེན་ཆས་དང་ལས་ཀ་ (Task View)  ལ་བལྟ།
  •  Win+ Ctrl + D : ངོས་གཙང་བའི་ཅོག་ངོས་ (desktop) གཞན་ཞིག་བཟོ།
  •  Win+ Ctrl + F4 : མིག་སྔར་འཆར་བའི་ཅོག་ངོས་ (desktop) དེ་ཁ་རྒྱོབ།
  •  Win+ Ctrl +  ཡང་ན་  : ཁ་ཕྱེ་བཞག་པའི་ཅོག་ངོས་ (desktops) ཕན་ཚུན་བར་མྱུལ་བ།

སྐར་ཁུང་སྤྱིའི་མྱུར་མཐེབ།

  •  (སྐར་ཁུང་བདུན་པ་ཡན་ལ་): Start གི་འདེམས་བྱང་ཁ་ཕྱེ་བ་དང་བསད་པ།
  • Win+ X (སྐར་ཁུང་ 8.1 དང་ 10): Start གི་སྟེང་ཙི་ཙི་གཡས་རྡེབ་ (right-click) བྱས་པ་དང་མཚུངས།
  • Win +  ཡང་ན་  (སྐར་ཁུང་བདུན་པ་ཡན་ལ་): ཁ་ཕྱེ་ཡོད་པའི་མཉེན་ཆས་དེ་གློག་ཀླད་ཀྱི་གདོང་ངོས་གཡས་གཡོན་གང་རུང་དུ་འཇོག་པ།
  •  Win+ E (སྐར་ཁུང་བདུན་པ་ཡན་ལ་): File Explorer ཁ་ཕྱེ།
  •  Win+ L (སྐར་ཁུང་བདུན་པ་ཡན་ལ་): ཅོག་ངོས་ཟྭ་རྒྱག་པ། (Lock Desktop)
  • Alt + PrtScn (སྐར་ཁུང་བདུན་པ་ཡན་ལ་): མིག་སྔར་འཆར་བའི་མཉེན་ཆས་སམ་ཡིག་ཆའི་སྒེའུ་ཁུང་དེ་དཔར་བཏབས་ནས་གློག་ཀླད་ཀྱི་དྲས་སྦྱར་པང་(clipboard)དུ་ཉར་བ།
  • Win + PrtScn (སྐར་ཁུང་ 8.1 དང་ 10): མིག་སྔར་འཆར་བའི་ཅོག་ངོས་དེ་དཔར་བཏབས་ནས་གློག་ཀླད་ཀྱི་དྲས་སྦྱར་པང་(clipboard)དུ་ཉར་བ།

དྲ་མྱུལ་མཉེན་ཆས་སྤྱིའི་མྱུར་མཐེབ།

  • Ctrl + T : དྲ་ཚིགས་ཤར་ངོས་ tab གསར་པ་ཁ་ཕྱེ།
  • Ctrl + D : དྲ་ཚིགས་ཁ་བྱང་དཔེ་འཛར་ (Bookmark) ནང་ཉར་བ།
  • Ctrl + L : མིག་སྔར་འཆར་བའི་དྲ་ཚིགས་དེའི་དྲ་བྱང་འདེམས་པ།
  • Ctrl + Tab : ཁ་ཕྱེ་བཞག་པའི་ tab དེ་དག་རེས་མོས་ཀྱི་བལྟ་བ།
  • Ctrl + Enter : དྲ་ཚིགས་ཀྱི་མིང་གི་རྗེས་ལ་ “.com” སྣོན་པ། (དཔེར་ན། དྲ་ཚིགས་ཁ་བྱང་བྲིས་སའི་སྟེང་ ‘sonamdawa’ བཀོད་རྗེས་མཐེབ་གཞོང་ནས་ Ctrl+ENTER གནོན་དང་ sonamdawa.com ཆགས་ཀྱི་རེད།)

ཟུར་བཀོད་མིང་ཚིག

རྩོམ་ཡིག་ནང་བཀོད་པའི་མིང་ཚིག་རྣམས་བོད་རྒྱ་དབྱིན་གསུམ་ཆ་འཕྲིན་ལག་རྩལ་ཚིག་མཛོད་ལ་གཞི་བཅོལ་བ་ཡིན།

Setting : སྒྲིག་བཀོད།
Right-Click: གཡས་རྡེབ།
Desktop : ཅོག་ངོས།
Lock Desktop : ཅོག་ངོས་ཟྭ་རྒྱག་པ།
Clipboard : དྲས་སྦྱར་པང་། [དེ་ནི་གློག་ཀླད་ཀྱི་དྲན་པའི་ནང་ཡིག་འབྲུ་དང་དཔར་སོགས་ཅི་རིགས་སྐབས་ཕྲལ་རིང་ཉར་གསོག་བྱེད་གནས་དམིགས་བསལ་ཞིག་ཡིན།]
Window: སྒེའུ་ཁུང་།
Bookmark : དཔེ་འཛར།

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།