ཡུ་ཊུབ་དྲ་གནས་ཐོག་ MP3 བཅུག་སྟངས།

ཡུ་ཊུབ་ནི་གློག་བརྙན་སྤེལ་སའི་སྟེགས་བུ་ཁྱབ་རྒྱ་ཆེ་ཤོས་དེ་ཡིན་པ་མ་ཟད་དྲ་ཚིགས་འདིའི་ཐོག་གཞས་ཉན་སའི་དྲ་ཚུགས་ལེགས་ཤོས་ཞིག་ཀྱང་ཆགས་ཡོད། ད་རེས་ང་ཚོས་ཡུ་ཊུབ་སྐོར་བཤད་མི་དགོས་པར་དྲ་ཚིགས་དེའི་ཐོག་ MP3 ཡིན་པའི་གཞས་གཅིག་སྟབས་བདེ་པོའི་ངང་ཇི་ལྟར་ཡར་བཅུག་ཐུབ་པའི་ཐབས་དེ་ཁྱེད་ལ་ངོ་སྤྲོད་བྱེད་ཀྱི་ཡིན། ཐབས་ཤེས་དེ་མི་མང་ཆེ་བས་ཤེས་ཀྱི་མེད།

དུས་རྒྱུན་མི་ཕལ་ཆེ་བས་གློག་བརྙན་བཟོ་སྒྲིག་བྱེད་ཆེད་ཀྱི་མཉེན་ཆས་དཔེར་ན། iMovie དང་ Window MovieMaker,  Adobe Premiere Pro, Final Cut Pro, Sony Vegas དེ་འདྲ་སྤྱད་དེ་ MP3 གཞས་ཞིག་དང་དེ་སྟེང་དཔར་ཞིག་སྣོན་ཏེ་བཟོ་སྒྲིག་བྱེད་ཀྱི་ཡོད། ལག་ལེན་དེ་མི་འགྲིག་པ་གང་ཡང་མེད་ཀྱང་། བཟོ་སྒྲིག་བྱེད་པའི་དུས་ཚོད་དང་དེ་ནས་ཡར་ཡུ་ཊུབ་ཏུ་བཅུག་རྒྱུར་དུས་ཚོད་མི་ཉུང་བ་ཞིག་གཏོང་དགོས་ཀྱི་ཡོད།

གཤམ་གྱི་ཐབས་ཇུས་འདི་སྤྱད་ན། གོང་གི་དུས་ཚོད་འགོར་བའི་ལས་རིགས་འདི་འདྲ་བྱེད་མི་དགོས། ཁྱེད་ལ་ MP3 གཅིག་དང་ JPG ཅན་གྱི་དཔར་གཅིག་དེ་ནས་ https://www.tunestotube.com དྲ་ཚིགས་དེའི་ཐོག་འགྲོ་ན་འགྲིག

དྲ་ཐོག་དེའི་སྟེང་ Connect YouTube Account ཟེར་བ་དེར་གནོན་ཏེ་རང་ཉིད་ཀྱི་ཡུ་ཊུབ་ཁ་བྱང་དྲ་གནས་གསར་པ་དེ་གཉིས་བར་མཐུད་དགོས་ཀྱི་ཡོད། དེར་བརྟེན་གཤམ་གྱི་རི་མོ་དེ་མངོན་ན་ Allow ཟེར་བ་དེ་འདེམས་དགོས།

དེ་ནས་ Upload file ལ་གནོན་ཏེ་གློག་ཀླད་ནང་ཡོད་པའི་ MP3 གཞས་སམ་སྒྲ་ལྡན་ཞིག་བཅུག་དགོས། MP3 ཡིག་ཆ་དེ་ 50MB ལས་མང་བ་ཡོང་མི་ཆོག

MP3 ཞིག་ཡར་བཅུག་ཚར་བ་དང་གོང་གི་ Upload Fiiles ཟེར་བ་དེ་གའི་ཐོག་ཡང་བསྐྱར་གནོན་ཏེ། འདྲ་དཔར་ཞིག་བཅུག་དགོས། འདྲ་དཔར་དེའི་ཆེ་ཆུང་ 1280x720px ཡིན་དགོས།

དེ་ནས་འོག་དེར་གཞས་ཀྱི་མིང(Title)་དང་། འགྲེལ་བཤད།(Description) གནད་ཚིག(Tag) འབྲི་ས་ཡོད། སྒེར་སྤྱོད་(Private)དང་ཡོངས་ཁྱབ་(Live) ཟེར་བའི་འདེམས་ག་གཉིས་ཡོད། དེ་གཉིས་ནི། སོ་སོ་གཅིག་པོས་བལྟ་ཐུབ་པ་བཟོ་རྒྱུ་དང། ཡང་ན་དྲ་ཐོག་མི་སུས་ཀྱང་ལྟ་ཐུབ་པ་བཟོ་དགོས་མིན་གྱི་འདེམས་ག་རེད། དེ་ཚོ་འགྲིག་ན། “I’m not a robot” ཟེར་བའི་དེར་གཅིག་གནོན་དགོས།

ཆ་ཚང་འཚར་བ་དང་ལམ་སེང་ཁྱེད་ཀྱི་ MP3 དང་འདྲ་དཔར་འདི་གཉིས་སྤྱད་དེ་ཡུ་ཊུབ་ཀྱི་གཞས་སྙན་རང་འགུལ་གྱིས་བཟོ་བཅུག་སྤེལ་གསུམ་གཅིག་ཅར་དུ་བྱེད་ཐུབ། བཟོས་ཟིན་པ་དང་ཡུ་ཊུབ་ཀྱི་དྲ་ཐག་ཁྱེད་ལ་ཤར་འོང་། དྲ་ཐག་དེར་གནོན་དང་གསར་དུ་བཅུག་པའི་གཞས་དེ་ལྟ་ཉན་བྱེད་རྒྱུ་ཆགས་ཡོད།

ཐབས་ཇུས་དེའི་མཁེ་ཕན་ཆེ་ཤོས་ནི་མཉེན་ཆས་གང་ཡང་མི་དགོས་པ་དང་། བཟོ་སྒྲིག་གི་དུས་ཚོད་གཏོང་མི་དགོས་པ། MP3 གཅིག་དང་འདྲ་དཔར་གཅིག་ཡོད་ན། དེ་མ་ཐག་ཡུ་ཊུབ་ཏུ་བཅུག་ཐུབ།

ཡུ་ཊུབ་ནང་བཅུག་ཟིན་པའི་གཞས་གཅིག་གི་དཔེ་མཚོན།

https://youtu.be/6Ope0EwoBzM

ཐབས་ཇུས་དེ་སྤྱད་ན་སྐྱོན་ཆའི་ཆ་འགའ་ཞིག་ནི། MP3 གི་ཡིག་ཆ་དེ་ 50MB སྒང་ལ་བསྒལ་མི་ཆོག །བཟོ་བཅུག་ཟིན་པའི་ཡུ་ཊུབ་གཞས་དེའི་སྟེར་ tunestotube གྱི་མིང་བྱང་ཞིག་འཇོག་གི་ཡོད་པ་བཅས་སོ།

དྲ་གནས་གཞན།

གོང་གི་ཞབས་ཞུ་དང་འདྲ་བའི་དྲ་ཚིགས་གཞན་གཅིག་ནི། http://tovid.io/ རེད། དེར་ཚོད་ལྟ་ཞིག་གནང་ནའང་འགྲིག

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།