Periscope ཐད་ཀར་རྒྱང་སྲིང་།

སྤྱི་ཚོགས་དྲ་འབྲེལ་ཞབས་ཞུ་ཊེའུ་ཊར་(twitter)གྱིས་བཟོས་པའི་ པེ་རིསི་ཀོབ་ Periscope མཉེན་ཆས་དེས་ཁྱེད་ཀྱི་ཉེ་འཁོར་གྱི་གནས་ཚུལ་དང་མཐོང་ཐོས་ཅི་བྱུང་བཞིན་པ་རྣམས་ཐད་ཀར་རྒྱང་སྲིང་བྱེད་ཐུབ་རྒྱུའི་མཐུན་རྐྱེན་བསྐྲུན་ཡོད། མཉེན་ཆས་དེ་ཨན་ཌོ་དང་ཨྱ་ཧྥོན་ཁ་པར་གཉིས་ཀའི་ཆེད་དུ་ཕབ་ལེན་བེད་སྤྱོད་བྱེད་ཆོག་པ་དང་། བེད་སྤྱོད་གཏོང་སྟངས་ཧ་ཅང་སྟབས་བདེ་རེད་འདུག

མཉེན་ཆས་ཁ་པར་ནས་སྒྲིག་འཇུག་ཟིན་པ་དང་། ཊེའུ་ཊར་ཁ་བྱང་སྤྱད་དེ་ནང་དུ་འཛུལ་དགོས། དེ་ནས་ཐད་ཀར་རྒྱང་སྲིང་ལ་གནོན་པ་དང། ཁྱེད་ལ་རྒྱང་སྲིང་བྱེད་གཞིའི་བརྗོད་བྱ་ཏོག་ཙམ་བཀོད་དེ་འགོ་བཙུགས་ན་འགྲིག་འདུག །ཐད་ཀར་རྒྱང་སྲིང་གནང་སྐབས་ཁྱེད་ཀྱི་རྒྱང་སྲིང་དེ་ (Private)རང་ཉིད་གཅིག་པོས་བལྟ་ཆེད་དུ་བཟོའམ་ཡང་ན། Public ཟེར་ཏེ་དྲ་ཐོག་ཀྱི་དྲ་མི་ཀུན་གྱི་བལྟ་ཆོག་མིན་ཀྱི་འདེམས་ག་ཡང་ཡོད།

Periscope མཉེན་ཆས་དེའི་རྒྱུད་དྲ་མི་ཚོས་སོ་སོ་གནས་ཡུལ་ས་གནས་ཀྱི་ཡུལ་ལྗོངས་དང། ཡུལ་སྐོར། འཆམ་འཆམ། སྤྲོ་སྐྱིད། མཚན་ཚོགས། གསར་འགོད། རྩེད་མོ་འགྲན་བསྡུར། ཡང་ན་ཟིང་འཁྲུག་སོགས་བྱུང་བའི་སྐབས་ཐོག་དེ་རང་དུ་ལག་ཐོག་ཁ་པར་སྤྱད་དེ་རྒྱང་སྲིང་བྱས་ཐུབ། ཁྱེད་ཀྱི་རྒྱང་སྲིང་བྱེད་བཞིན་སྐབས་དྲ་ཐོག་ནས་ཁྱེད་ཀྱི་རྒྱང་སྲིང་ལ་བལྟ་མཁན་གྲངས་མཐོང་ཐུབ་པ་དང་། དྲ་ཐོག་ཀྱི་གཟིགས་མོ་བས་ཁྱེད་ལ་ཐད་ཀར་མཆན་བཀོད་པ་དང། ཁྱེད་ཀྱིས་མཆན་དེ་དག་འདི་མ་ཉིད་དུ་གཟིགས་ཐུབ་ཀྱི་ཡོད།

རྒྱང་སྲིང་བྱས་ཟིན་པའི་བརྙན་དེ་བསྐྱར་སྟོན་ཆེད་དྲ་ཐོག་ཏུ་ད་དུང་ཆུ་ཚོད་ 24 རིང་གནས་ཐུབ་པ་དང་། Periscope ནང་གསར་དུ་འཛུལ་མཁན་ཚོས་གཟིགས་ཐུབ། དེ་རྗེས་རྒྱང་སྲིང་གི་བརྙན་དེ་དག་སོ་སོའི་ཁ་བྱང་ནང་གསོག་འཇོག་བྱེད་ཀྱི་ཡོད།

སྐབས་རེ་སོ་སོས་རྒྱང་སྲིང་མ་བྱས་ཀྱང་གཞན་གྱི་ད་ལྟ་རང་རྒྱང་སྲིང་བྱེད་བཞིན་པའི་གནས་ཚུལ་དང་ས་གནས་དེ་དག་ལ་བལྟ་བ་ནི་ཧ་ཅང་གི་སྤྲོ་སྣང་ལྡན་པ་དང་། འཚོར་བ་མི་འདྲ་བ་ཞིག་ཀྱང་ཡོང་གི་འདུག །ས་གནས་གཞན་དང་དྲ་མི་གཞན་གྱིས་རྒྱང་སྲིང་གཏོང་བཞིན་པ་དེ་དག་འཛམ་གླིང་གི་ས་ཁྲའི་ངོས་སུ་བཀོད་ཡོད་པས་བལྟ་འདེམས་བྱེད་བདེ་པོ་འདུག

ལག་ཐོག་ཁ་པར་ནས་ཐད་ཀར་རྒྱང་སྲིང་བྱེད་པའི་མཉེན་ཆས་གཞན་ Meerkat དང་ YouNow གཞན་གཉིས་ཡོད། འོན་ཀྱང་ Periscope ལས་ཏོག་ཙམ་ཞེན་པ་དང། མཐུན་རྐྱེན་ཉུང་བ་ཡོད།

གནས་ཚུལ་གོ་གསལ་ལྟར་ན། ངོ་དེབ་ Facebook ནང་དུའང་མི་རིང་བར་ Periscope དང་འདྲ་བའི་ཐད་ཀར་རྒྱང་སྲིང་བྱེད་ནུས་གསར་པ་སླེབས་ཉེ་ཟེར།

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།