སྤྱི་སྟེགས་ནང་རྩོམ་ཡིག་སྤེལ་སྟངས།

སྤྱི་སྟེགས་ནི་ཤེས་ཡོན་སྤེལ་རེས་བྱེད་སའི་སྟེགས་བུ་ལེགས་ཤོས་གཅིག་ཡིན་པ་དང། སྔ་ནས་ད་བར་བོད་མི་མང་པོས་སྤྱི་སྟེགས་རྒྱུད་བརྗོད་བྱ་འདྲ་མིན་གཉེར་བཞིན་ཡོད་པ་ནི་དགའ་སྤོབས་བྱེད་འོས་པ་ཞིག་ཏུ་མཐོང་། ཕྲན་ནི་སྤྱི་སྟེགས་གཉེར་སྟངས་དང་དེའི་སྐོར་གྱི་གནས་ཚུལ་མང་པོ་མི་ཤེས། འོན་ཀྱང་ང་དང་ང་འདྲ་བ་སྤྱི་སྟེགས་ཐོག་མར་གཉེར་མཁན་ཚོའི་ཆེད་དུ་དང་སྤྱི་སྟེགས་སུ་རྩོམ་ཡིག་དང་སྒྲིག་བཀོད་བྱེད་སྟངས་སྐོར་རྩོམ་ཡིག་སྤེལ་རོགས་ཟེར་བསྐུལ་མ་གནང་མཁན་གྱི་དྲ་གྲོགས་རྣམ་པའི་ཆེད་དུ་སྤྱི་སྟེགས་སྐོར་གྱི་རྩོམ་དང་བརྙན་ཟློས་བཟོ་རྒྱུའི་སེམས་ཤུགས་སྐྱེས་བྱུང་།

ད་རེས་སྤྱི་སྟེགས་ཐོག་རྩོམ་སྤེལ་སྟངས་སྐོར་ཐོག་མར་བཀོད་ཡོད། དེའི་རྒྱུ་མཚན་ནི་ང་ལ་རེ་བསྐུལ་བྱེད་མཁན་ཚོས་དེའི་སྐོར་གྱི་རྩོམ་ཡིག་དང་བརྙན་ཟློས་བཟོ་རྒྱུར་སྒུག་ཡུན་རིང་སོང་དྲན།

སྤྱི་སྟེགས་ཐོག་རྩོམ་ཡིག་སྤེལ་བར་འགྲོ་སྟངས་གཉིས་ཡོད་པ་ལས་གུས་པས་དུས་རྒྱུན་ལག་ལྟར་བྱེད་བཞིན་པ་ལྟར་དང་པོ་རྩོམ་ཡིག་གྲ་སྒྲིག་དང་དེ་ནས་སྤེལ་སྟངས་སྟོན་གྱི་ཡིན།

སྤྱི་སྟེགས་བཟོ་སྒྲིག་བྱེད་སའི་དྲ་གནས་ https://mp.weixin.qq.com རྒྱུད་དེབ་སྐྱེལ་ཟིན་པའི་གློག་འཕྲིན་ཁ་བྱང་དང་གསང་ཨང་བཀོད་དེ་ནང་དུ་འཛུལ།

སྤྱི་སྟེགས་ཀྱི་སྒྲོམ་གཞི་ཡོངས་རྒྱ་ཡིག་ཐོག་ཡིན་པས། རྒྱ་ཡིག་མི་ཤེས་མཁན་ཚོས་གུ་གུལ་ཡིག་བསྒྱུར་ཞབས་ཞུ་སྤྱད་དེ་ཐད་ཀར་དྲ་ངོས་ཀྱི་ཡི་གེ་ཡོངས་རྫོགས་དབྱིན་ཡིག་དང་དེ་མིན་གྱི་སྐད་ཡིག་ཐོག་བསྒྱུར་ན་འགྲིག།

ད་རྩོམ་ཡིག་སྤེལ་སྟངས་ཆད་པར་བྱ། གཡས་ཕྱོགས་ཀྱི་འདེམས་ག་ལས་ 管理 / 素材管理 / 新建图文消息 ལ་གནོན།

དེ་ནས་རྩོམ་ཡིག་འབྲི་སའི་ཁ་འབྱེད་པ་དང། འདིའི་ནང་རྩོམ་ཡིག་གི་འགོ་བརྗོད། ནང་དོན། ནང་དོན་ནང་དཔར་དང་སྒྲ་འདེམས་ཤོག་སོགས་བཅུག་ཆོག །རྩོམ་ཡིག་གི་ཡིག་གཟུགས་ཆེ་ཆུང་སོགས་སྒྲིག་ཆེད་ཀྱི་ལག་ཆ་ཡང་ཡོད་པས་གང་འདོད་ལྟར་བཟོ་ཆོག །འདིར་གསལ་བཤད་བྱེད་རྒྱུ་ཞིག་ནི། རྩོམ་ཡིག་ནང་གློག་བརྙན་རིགས་བླུགས་སྐབས། གློག་བརྙན་དེ་དག་ཐེར་དང་ཁྱེད་ཀྱི་རྩོམ་ཡིག་ནང་བཅུག་ཆོག་མིན་དུས་ཡུན་སྐར་མ་ལྔ་བཅུ་ཙམ་འགོར་གྱི་འདུག

ཁྱེད་ཀྱིས་གྲ་སྒྲིག་ཟིན་པའི་རྩོམ་ཡིག་དེ་མ་སྤེལ་གོང་སྔོན་ལྟ་ཞིག་བྱེད་རྒྱུ་འདུག །རྩོམ་ཡིག་སྤེལ་སའི་གཤམ་གཤམ་དེར་ 预览 ཟེར་བ་དེར་གནོན་དང། ཁ་པར་ནང་ཇི་ལྟར་ཤར་མིན་གཟིགས་ཐུབ། ཁ་པར་ཨང་ཞིག་གི་ཐོག་ཆེད་དུ་རྩོམ་ཡིག་དེ་གཏོང་དགོས་ན་སྔོན་ལྟའི་ཁོངས་སུ་ 发送到手机预览 ཟེར་བ་དེར་གཅིག་གནོན། དེ་ནས་རྒྱལ་ཁབ་ཨང་དང་། ཁ་པར་ཨང་གསལ་པོ་བཀོད་དེ་སྤེལ་ཆོག

དཔེ་ཆ་བཞག་ཁྱེད་ཀྱི་ཁ་པར་ཨང་ནི་ 9805557814 ཡིན་པ་དང། གནས་ཡུལ་རྒྱ་གར་ཨང་ནི་ +91 བྱས་ཙང་། ཁ་པར་ཨང་བཀོད་སའི་ནང་ +919805557814 ཟེར་བཀོད་དགོས།

གལ་ཏེ་རྩོམ་ཡིག་ལ་སྔོན་ལྟ་བྱས་ནས་ནོར་འཁྲུལ་འདུག་ན། སྔོན་ལྟ་ལས་ཕྱིར་འདོན་ཏེ་རྩོམ་ཡིག་ལ་འགྱུར་བཅོས་བྱེད་ཆོག །དེ་ནས་ཆ་ཚང་འགྲིག་ནས་སྤྱི་མང་ལ་སྤེལ་གཏན་འཁེལ་ན། རྩོམ་ཡིག་འབྲི་སའི་གཤམ་གཤམ་གྱི་ 保存并群发 ལ་གནོན་དགོས། དེས་གཤམ་གྱི་དཔེ་རིས་ནང་བཀོད་པ་ལྟར་དྲ་སྒོ་གཞན་གཅིག་ཁ་འབྱེད་ངེས།

ད་ནི་སྤྱི་མང་ལ་དངོས་སུ་རྩོམ་སྤེལ་འདིར་སླེབས་པ་རེད། གྲ་སྒྲིག་བྱས་པའི་རྩོམ་ཡིག་དེ་མདུན་དེར་མངོན་ཡོད། གཤམ་གཤམ་གྱི་ 群发 ལ་གནོན། དེ་ནས་ 确定 ལ་གནོན། དེས་ཁྱེད་ཀྱི་མདུན་དུ་ QR གྱི་གསང་རྟགས་རི་མོ་ཞིག་འཆར་ངེས། འཕྲིན་ཕྲན་གྱི་ QR བཤེས་ཆས་སྤྱད་ན་ད་བཟོད་གཞི་ནས་ཁྱེད་ཀྱི་རྩོམ་དེ་དག་སྤེལ་ཐུབ་པ་རེད།

གཤམ་འདིར་བརྙན་ཟློས་ལ་གཟིགས་ན།

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།