Google Drawing དྲ་ཚིགས་སུ་འཇོག་པ།

དེ་སྔའི་རྩོམ་ཡིག་ཞིག་གི་ནང་གུ་གུལ་རི་མོ་འབྲི་སའི་ཞབས་ཞུ་ Google Drawing ཟེར་བ་དེ་ཁྱེད་ཅག་ལ་ངོ་སྤྲོད་བྱས་ཡོད། ད་རེས་གུས་པས་ཁྱེད་ལ་གུ་གུལ་རི་མོ་འབྲི་བྱེད་དེ་བེད་སྤྱད་ནས་ས་སོའི་དྲ་ཚིགས་ཀྱི་ངོས་སུ་འཇོག་ཐབས་སྐོར་སྟོན་གྱི་ཡིན། གུ་གུལ་གྱི་རི་མོ་སོ་སོའི་དྲ་ཚིགས་སུ་འཇོག་རྒྱུ་དེ་ལ་མཁེ་ཕན་མང་པོ་འདུག །དེའི་ནང་ཕན་ཐོག་ཆེ་ཤོས་གཅིག་ནི་དྲ་ཚིགས་ནང་བཅུག་ཟིན་པའི་རི་མོ་དེ་ལ་འགྱུར་བ་བཏང་དགོས་ན། དྲ་ཚིགས་ཀྱི་ངོས་སུ་བསྐྱར་དུ་འགྲོ་མི་དགོས་པར་ཐད་ཀར་དེ་སྔ་གུ་གུལ་རི་མོ་བྲིས་བཞག་པ་དེ་ལ་འགྱུར་བ་གཏོང་ན་འགྲིག་གི་འདུག།།མཁེ་ཕན་གཉིས་པ་ནི་གུ་གུལ་རི་མོ་དེ་དག་བཟོ་སྒྲིག་བྱས་ནས་དཔར་གྱི་ལྗིད་ཚད་ཧ་ཅང་ཆུང་དུ་འགྲོ་གི་འདུག །དཔེར་ན།  JPG གྱི་དཔར་ཞིག་ 150KB ལ་སླེབས་མཁན་ཞིག་ངས་googleDrawings ནང་བསྐྱར་འབྲི་བྱས་ནས་བལྟ་སྐབས་ 9KB བར་དུ་ཡོང་བ་དེ་འདྲ་བྱུང་།

དཔེ་མཚོན་གྱི་ཆེད་དྲ་གནས་ https://memoirsofsonam.blogspot.com འདིར་གཟིགས་དང་། དྲ་གནས་དེའི་སྟོད་ཀྱི་རི་མོ་དང་པོ་དེ་དང་། གཡས་ཕྱོགས་ཀྱི་ཁྱབ་བསྒྲགས་དེ་གཉིས་ཀ་ google drawing ནང་བཟོས་པ་ཞིག་རེད། རྗེས་ཕྱོགས་རི་མོ་དེ་གཉིས་ལ་འགྱུར་བ་གཏོང་ཆོག་ཆོག་ཡོད།

གཤམ་གྱི་བརྙན་ཟློས་དེའི་ནང་googleDrawings ནང་རི་མོ་བྲིས་པ་ཞིག་དྲ་ཚིགས་ནང་འཇོག་སྟངས་སྟོན་ཡོད།

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།