Office Mix ངོ་སྤྲོད།

ཕྲ་མཉེན་ཚང་གི་ཡིག་ཚང་མཉེན་ཆས་ PowerPoint ཆེད་ Office Mix ཟེར་བའི་དམིགས་བསལ་མཐུན་རྐྱེན་གསར་པ་ཞིག་སྦྱར་ཡོད། Mix དེ་PowerPoint ནང་སྒྲིག་འཇུག་ཟིན་པ་དང་། སྟེང་གི་ལག་ཆའི་སྟེགས་བུའི་སྟེང་ Mix ཟེར་བའི་འདེམས་སྒྲོམ་གསར་པ་ཞིག་སླེབས་ཐུབ། ཆ་ལག་གསར་པ་དེ་བེད་སྤྱོད་དམིགས་བསལ་ཞིག་ཡོད་པ་ནི། བཟོས་ཟིན་པའི་ PowerPoint ཡིག་ཆ་དེའི་སྟེང་འགྲེལ་བརྗོད་ཀྱི་སྐད་སྒྲ་དང་། རྟགས། དཔེ་སྟོན་སོགས་སློབ་ཁྲིད་དང་སློབ་སྟོན་བྱེད་ཆེད་ཡིག་ཆ་ཆ་ཚང་བཟོ་ཐུབ་པ་དང་། དྲ་ཐོག་ཏུ་འཇོག་པའམ་བརྙན་ཟློས་ mp4 ཡིག་ཆ་བཟོས་ཏེ་གཞན་ལ་སྤྲོད་རྒྱུ་ཡང་ཡོད། མ་ཟད་Camtasia ལྟ་བུའི་གློག་ཀླད་ཀྱི་འཆར་ངོས་འཛིན་ཏེ་གློག་བརྙན་ནམ་སློབ་ཁྲིད་བརྙན་དཔར་བརྒྱག་ཐུབ་པའི་ Screen Recording གི་མཐུན་རྐྱེན་དཔེ་ལེགས་ཞིག་ཀྱང་འདུག

ཚོད་ལྟ་བྱེད་པའི་རྒྱུད། བེད་སྤྱོད་གཏོང་སྟངས་ཧ་ཅང་ལས་ལྷ་པོ་ཡིན་པས་ལས་དང་པོ་བ་ཚོས་ཀྱང་བདེ་བླགས་ངང་ཤེས་ཐུབ་པ་ཞིག་འདུག །PowerPoint གི་ཆ་ལག་གསར་པ་ Mix ཟེར་བ་དེ་བཟོས་དགོས་པའི་དམིགས་ཡུལ་གཙོ་བོ་ནི། དེ་སྔ་ཕན་ཆད་ང་ཚོས་སློབ་ཁྲིད་དང་སློབ་སྟོན་དེ་བཞིན་ཚོང་ལས་གོ་རྟོགས་སྤེལ་ཆེད་དུ་སྤྱོད་བཞིན་པའི་ PowerPoint དེ་དག་བལྟ་ཉན་བྱེད་པར་PowerPoint མཉེན་ཆས་མེད་ན་བལྟ་ཐུབ་ཀྱི་མེད།

ཡིག་ཚང་མཉེན་ཆས་2010 (Microsoft Office 2010) ཁྲོམ་རྭའི་ཐོག་སླེབས་པ་དང་དུས་མཉམ་དུ་དྲ་ཐོག་ནས་ Word, Excel, PowerPoint སོགས་རིན་མེད་དུ་སྤྱོད་རྒྱུ་ཡོད་པ་ཡང་བཟོས། དེའི་སྟེང་གཞན་ལ་འགྲེལ་བརྗོད་བྱེད་པའི་ PowerPoint དེ་ལ་ད་དུང་ནུས་པ་གསར་པ་ཞིག་སྣོན་དགོས་པ་མཐོང་ནས་ Office Mix སྔོན་ལོའི་ལོར་འགྲེམས་བསྒྲགས་བྱས། Mix མཐུན་རྐྱེན་དེ་སྤྱད་དེ་བཟོས་པའི་ཡིག་ཆ་དེ་དག་ mix.office.com དྲ་ཐོག་ཏུ་གསོག་ཉར་དང་། གཞན་ལ་འགྲེམས་སྤེལ་ཡང་བྱས་ཆོག་པའི་མཐུད་སྒོ་གསར་པ་ཕྱེ་ཡོད། གལ་ཏེ་རང་ཉིད་ཀྱིས་སྤྱོད་བཞིན་པའི་ PowerPoint མཉེན་ཆས་དེའི་སྟེང་མཐུད་སྒོ་གསར་པ་དེ་དགོས་ན། དྲ་གནས་ https://mix.office.com ནས་ཆ་ལག་གསར་པ་དེ་ཕབ་ལེན་སྒྲིག་འཇུག་བྱེད་ཆོག

གཤམ་དེར་ཕྲ་མཉེན་ཚང་གིས་ Office Mix བེད་སྤྱོད་བྱེད་སྟངས་ཁ་གསལ་སྟོན་འདུག་པས་དེར་གཟིགས།

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།