WordPress བོད་བསྒྱུར་ལས་གཞི།

བོད་ཕྱི་ནང་གཉིས་སུ་བོད་ཡིག་དྲ་ཚིགས་བཟོ་ཆེད་ཀྱི་རྒྱབ་སྒྲོམ་(plateform)བེད་སྤྱོད་ཆེ་ཤོས་སུ་འགྱུར་བ་ནི་ཝོརཌི་ཕིརེསི་ (wordpress) ཡིན་པ་དང། ད་བར་ཝོརཌི་ཕིརེསི་སྤྱད་དེ་བཟོས་པའི་དྲ་ཚིགས་ནི་གྲངས་ལས་འདས། འདིར་ཝོརཌི་ཕིརེསི་བོད་བསྒྱུར་གྱི་ལས་གཞི་ནི་གནས་ཚུལ་གསར་པ་ཞིག་མ་ཡིན་ཀྱང་ལས་གཞི་འདིའི་ཐོག་ནུས་ཤུགས་མ་བྱུང་བར་ལོ་ནས་ལོ་ལྷག་ལུས་སུ་སོང་འདུག་པས་འདིར་ནན་བཤད་གཅིག་བྱེད་འདོད་བྱུང་ལ། ལས་གཞི་འདིར་གལ་ཆེ་བཙིགས་ཆེར་འཛིན་མཁན་རྣམ་པས་ཀྱང་སེམས་ཤུགས་དང་གདུང་ཞེན་རྣམས་ལག་བསྟར་ཐུབ་ཆེད་གུས་པས་དཔེ་སྟོན་ཞིག་བྱེད་ཁུལ་ལགས།

སྤྱིར་ཝོརཌི་ཕིརེསི་སྤྱད་དེ་བོད་ཡིག་དང་དེ་མིན་གྱི་དྲ་ཚིགས་མང་དག་ཞིག་བཟོས་ཡོད་ཀྱང་། ཝོརཌི་ཕིརེསི་གི་རྒྱབ་ངོས་ཀྱི་རྩོམ་ཡིག་སྤེལ་ས་དང། བཀོད་སྒྲིག་བྱེད་སའི་རྒྱབ་སྒྲོམ་རྣམས་དབྱིན་ཡིག་སྤྱད་དེ་འགྲོ་དགོས་ཀྱི་ཡོད། དབྱིན་ཡིག་ཤེས་མཁན་རྣམས་ལ་དཀའ་ངལ་ཞིག་མ་མཐོང་ཡང་། དབྱིན་ཡིག་མི་ཤེས་མཁན་དང། སྐད་ཡིག་གཞན་རྒྱུད་ན་འགྲོ་འདོད་མེད་མཁན་ཚོར་འགག་རྡོ་ཞིག་ཆགས་སྲིད། དེར་བརྟེན་ཝོརཌི་ཕིརེསི་བོད་བསྒྱུར་གྱི་ལས་གཞི་དེ་རབ་དང་རིམ་པ་བྱུང་བ་རེད།

ལོ་ཤས་སྔོན་ནས་མི་སྒེར་ཁག་གིས་ཝོརཌི་ཕིརེསི་བོད་བསྒྱུར་བྱེད་པའི་ལས་གཞི་མང་པོ་བྱུང་ཡོད་ཀྱང་། ནུས་ཤུགས་ལྡན་པ་དང། བོད་ཕྱི་ནང་གཉིས་ཀར་ཕན་ཐུབ་པའི་གཅིག་འགྱུར་གྱི་བཀོད་སྤྱོད་ཡོང་ཐུབ་ཀྱི་མེད། དེའི་རྒྱུ་མཚན་ནི། ཝོརཌི་ཕིརེསི་ཡིག་བསྒྱུར་བྱེད་པའི་ཚད་དཔྱད་གཏན་འཁེལ་མེད་པ། བསྒྱུར་མཁན་སོ་སའི་དོད་མོས་དང། སྤྱི་སྐད་ཐོག་སྣོ་བསམ་བཏང་མེད། དེར་བརྟེན་བསྒྱུར་མཁན་གྱིས་སོ་སོའི་སྐབས་ཐོག་གི་དགོས་པ་སྒྲུབ་ཡོད་ཀྱང་། སྤྱི་ཡོངས་ཀྱི་བེད་སྤྱོད་སྤྱོ་སྒོ་ཆུང་ཆུང་དུ་འགྱུར་བ་རེད།

ད་རེས་བསྐྱར་དུ་ཝོརཌི་ཕིརེསི་ཡིག་བསྒྱུར་བྱེད་པར་སྐུལ་བ་ནི། ཝོརཌི་ཕིརེསི་བོད་བསྒྱུར་དེ་གཅིག་བསྒྱུར་ཡོང་ཐུབ་པ་དང། བོད་ཕྱི་ནང་གཉིས་སུ་བེད་སྤྱོད་ཡོང་ཐུབ་པ། དེ་བཞིན་བོད་བསྒྱུར་ལས་གཞི་སུས་ཀྱང་མཉམ་བཞུགས་དང། བོད་བསྒྱུར་སྟབས་བདེ་ཡིན་པའི་ངོ་སྤྲོད་ཞིག་བྱེད་འདོད་བྱུང་།

ཝོརཌི་ཕིརེསི་བོད་བསྒྱུར་བྱེད་སྟངས།

  1. ཝོརཌི་ཕིརེསི་བོད་བསྒྱུར་ནང་མཉམ་བཞུགས་བྱེད་པར་སྔོན་ལ་དེབ་སྐྱེལ་བྱེད་དགོས། https://wordpress.org/support/register.php
  2. དེབ་སྐྱེལ་ཟིན་པ་དང་། ཁྱེད་ཀྱི་གློག་འཕྲིན་ཁ་བྱང་ན། དེབ་སྐྱེལ་བྱས་པའི་མིང་དང། གསང་ཨང་འབྱོར་ངེས།
  3. དེབ་སྐྱེལ་གྱི་མིང་དང་གསང་ཨང་སྤྱད་དེ་ཝོརཌི་ཕིརེསི་ནང་འཛུལ་དགོས། https://login.wordpress.org/
  4. ཝོརཌི་ཕིརེསི་བོད་བསྒྱུར་ས་ཚུགས་ནི།  https://translate.wordpress.org/locale/bo
  5. ཝོརཌི་ཕིརེསི་ལ་ཐོན་རིམ་མང་པོ་ཡོད། རང་གི་འདོད་མོས་ལྟར་གང་ཞིག་འདེམས་ཀྱང་འགྲིག །ངས་ལྟས་ན་ཐོན་རིིམ་གསར་ཤོས་ 4.5.x ནང་འཛུལ་ན་ལེགས་སེམས།
  6. དེ་ནང་དུ་ཝོརཌི་ཕིརེསི་གི་ཡིག་ཆ་འདྲ་མིན་ཡོད་པས་དེ་དག་ཚང་མ་ང་ཚོས་དུས་ཚོད་བཏང་ནས་བོད་བསྒྱུར་བྱེད་དགོས་པ་ཤ་སྟག་ཡིན། (དཔེར་ན། 4.5.x, Continents & Cities, Administration, Network Admin, Twenty Fourteen, Twenty Fifteen)
Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།