Insufficient Storage ཟེར་བའི་གནད་དོན་སེལ་ཐབས།

ཉེ་ཆར་ཁ་པར་ནང་མཉེན་ཆས་བེད་སྤྱོད་བྱེད་ཚད་ཀྱི་ཞིབ་འཇུག་རྩོམ་ཡིག་གཅིག་ནང་འཁོད་དོན། “མི་ཕལ་ཆེ་བས་སོ་སོའི་ཁ་པར་ནང་མཉེན་ཆས་བེད་སྤྱོད་ཆེ་བ་རེ་གཉིས་མ་གཏོགས་དེ་མིན་གྱི་མཉེན་ཆས་གསར་པ་བཅུག་ཡོད་པ་རྣམས་ཉིན་གྲངས་ཁ་ཤས་གཏོགས་བེད་སྤྱད་རྩ་བ་ནས་མ་གཏོང་བར་དེ་མུར་འཇོག་གི་ཡོད་“ཟེར་འཁོད་འདུག །དེ་ནི་བདེན་པ་ཞིག་ཏུ་སྣང་གང་ལྟར་ང་ཚོ་ཚང་མས་མཉེན་ཆས་དང་རྩེད་མོ་འདྲ་མིན་མང་པོ་ཞིག་སོ་སོའི་ཁ་པར་ནང་སྒྲིག་འཇུག་དང་བེད་སྤྱོད་བྱེད་ཀྱི་ཡོད། ངས་ཀྱང་སོ་སོའི་དྲ་ཚིགས་སུ་དུས་ནས་དུས་སུ་མཉེན་ཆས་ཚོད་ལྟ་བྱས་རྗེས་དེ་བཟང་བ་དང་དེ་ལེགས་པའི་ཚུལ་བཤད་དེ་ཕབ་ལེན་དུ་འཇོག་ཡོད་པ་ཡང་གྲངས་ལས་འདས།

དེ་རིང་གུས་པས་ཁ་པར་ནང་མཉེན་ཆས་སྒྲིག་འཇུག་སྐབས་དང་གསར་བརྗེ་(update)བྱེད་པའི་སྐབས་ངེས་པར་དུ་འཕྲད་སྲིད་པའི་དཀའ་ངལ་ཞིག་ལ་ཁྱེད་ནས་ཇི་ལྟར་སེལ་ཐུབ་མིན་གྱི་ཐབས་ཇུས་ཤིག་སྟོན་འདོད་བྱུང་། དཀའ་ངལ་དེ་ནི་ཁ་པར་ནང་མཉེན་ཆས་སྒྲིག་འཇུག་བྱེད་སྐབས་ “Insufficient Storage” ཟེར་བའི་བརྡ་ཞིག་ཡོང་ནས་མཉེན་ཆས་སྒྲིག་འཇུག་དང་གསར་བརྗེ་གང་ཡང་བྱེད་མ་ཐུབ་པར་ལྷག་ནས་སྡོད་དགོས་པ་དེ་ཡིན།

གནད་དོན་དེ་བྱུང་དོན་གཙོ་བོ་ནི། ཁ་པར་ནང་མཉེན་ཆས་མང་པོ་བཅུག་པའི་དབང་གིས་མཉེན་ཆས་གསར་པ་བཅུག་སའི་ས་ཆ་མེད་པའམ་ས་ཆ་མ་འདེངས་བས་རེད། དེ་མིན་ཡང་མཉེན་ཆས་མང་པོ་མེད་ཀྱང་རྒྱུན་པར་བེད་སྤྱོད་བྱེད་བཞིན་པའི་མཉེན་ཆས་དེ་ཚོས་རྒྱབ་ལྗོངས་སུ་གད་སྙིགས་(Cookies, history, data)བསགས་པའི་རྐྱེན་གྱི་རེད།

གནད་དོན་དེ་སེལ་ཆེད་བེད་སྤྱོད་མེད་པའི་མཉེན་ཆས་རྣམས་རྩ་གསུབ་(uninstall)བྱེད་དགོས། ཡང་ན། མཉེན་ཆས་སོ་སོའི་ནང་གི་གད་སྙིགས་བསགས་ཡོད་པ་དེ་དག་གཙང་སེལ་བྱེད་དགོས་པ་དེ་ཡིན།

ཁ་པར་གྱི་སྒྲིག་རིམ་སྡེ་ཚན་(setting)སྡེ་ཚན་ནང་མཉེན་ཆས་དོ་དམ་བྱེད་ས་Application ཡང་ན་ App ཟེར་སའི་ནང་མཉེན་ཆས་སོ་སོས་ས་ཆ་(MB)ཇི་ཙམ་བཟུང་ཡོད་མེད་ལྟ་དགོས། དེ་དག་ལས་ས་ཆ་མང་བ་བཟུང་མཁན་གྱི་མཉེན་ཆས་དེར་གནོན་ནས་ Clear Cache དང་ Clear Data ལ་གནོན་ནས་མཉེན་སོ་སོས་ཉར་ཚགས་བྱེད་པའི་ཡིག་རྙིང་དང་དྲ་མྱུལ་གྱི་བཤུལ་རྣམས་གསུབ་དགོས། དེ་དག་གསུབ་ནས་ཁ་པར་ནང་ངོས་ས་ཆ་སྟོང་པ་ཆགས་ཐུབ་པ་དང། དེ་རྗེས་མཉེན་ཆས་གསར་པ་སྒྲིག་འཇུག་བྱེད་ཐུབ།

གཤམ་ལ་ཤེས་བདེ་བའི་ཆེད་བརྙན་ཟློས་ནང་གཟིགས་པར་འཚལ།

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།