སྟབས་བདེ་པོའི་ངང་ལོ་གསར་མཚམས་ཤོག་ཅིག་བཟོ་སྒྲིག

ལོ་གསར་ཟིན་རན་པ་དང་། ལས་འབྲེལ་མང་པོ་ཞིག་ཆགས་ཡོང་གི་ཡོད། དེའི་བར་ལ་ལས་ཁུངས་ནས་གུས་པར་ལོ་གསར་གྱི་མཚམས་ཤོག་ཞིག་བཟོ་རྒྱུ་མངགས་པ་ལྟར་དེ་རིང་གཞི་ནས་སྒྲུབ་ཐུབ་པ་བྱུང་སོང་། 

མཚམས་ཤོག་བཟོ་སྐབས་གཙོ་བོ་བོད་པའི་ཁམས་དང་མཐུན་པ་དང་། ནང་དོན་ལ་དག་ཆའི་ནོར་འཁྲུལ་མི་ཡོང་བ་བྱེད་དགོས་པ་གལ་ཆེ་ཤོས་ཡིན། ལས་ཁུངས་ཀྱི་མཚམས་ཤོག་ནི་ལས་ཁུངས་གང་ཞིག་དང་ཚོགས་པ་གང་ཞིག་ངོ་བོ་མཚོན་གྱི་ཡོད་པར་བརྟེན་མཚམས་ཤོག་བཟོ་མཁན་ཞིག་གི་ཆ་ནས་ནང་དོན་དང་རི་མོ་གཉིས་ཀར་དོ་ཟབ་བྱེད་དགོས། བརྗོད་བྱ་བོད་དབྱིན་རྒྱ་སོགས་སྐད་ཡིག་གང་ཡིག་ཡིན་པ་དེ་ལ་མཁས་པའི་ལས་རོགས་ལ་ཞུ་དག་བྱེད་བཅུག་དགོས།

མཚམས་ཤོག་གི་རི་མོ་དང་ནང་དོན་རྣམས་སྒྲིག་ཟིན་རྗེས་ངེས་པར་དུ་འཛིན་སྐྱོང་སྡེ་ཚན་གྱི་དག་མཆན་ཐོབ་དགོས་པ་དང་། དེ་ནས་གཞི་ནས་དཔར་སྐྲུན་དངོས་གཞི་འགོ་བཙུགས་ན་འགྲིག །

འདིར་གཤམ་གྱི་བརྙན་ཟློས་ནང་གུས་པས་ལོ་གསར་མཚམས་ཤོག་དང་། གྱང་སྦྱོར་ཤོག་བུ་ཞིག་མཚོན་དཔར་རྒྱག་ནས་བཟོ་སྟངས་སྟབས་བདེ་ཞིག་སྟོན་ཁུལ་ལགས།

 

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།