Google Drawing སྤྱད་དེ་ཁྱབ་བསྒྲགས་ཞིག་བཟོས།

སྐབས་ཤིག་རིང་གུ་གུལ་ཚང་གི་ Drawing ཞབས་ཞུ་སྤྱད་དེ་བེད་སྤྱོད་དང་ཚོད་ལྟ་དེ་བཞིན་དྲ་ཐོག་ཏུ་མི་གཞན་གྱིས་རྣམ་སྤྱོད་ཀྱི་རྩལ་གསར་པ་དེ་དག་ལ་སློབ་སྦྱོང་མི་ཉུང་ཞིག་བྱས་མཐར་གཤམ་གྱི་ཁྱབ་བསྒྲགས་ཀྱི་ཇུས་འགོད་ཅིག་རང་ངོས་ནས་བཟོས་པ་ཡིན། སྤྱིར་གུ་གུལ་གྱི་རི་མོ་བྲིས་ས་དེའི་སྟེང་ལག་ཆ་ཉུང་ཉུང་ཞིག་ལས་མེད་ཀྱང་། ལག་ཆ་གང་ཡོད་པ་དེ་སྤྱད་དེ་འདོད་བློ་ཁེངས་པའི་རི་མོ་དང་ཇུས་འགོད་སྟབས་བདེ་ཞིག་བཟོ་ཐུབ་ཀྱི་འདུག

གུ་གུལ་ཚང་གི་རི་མོ་བྲིས་ས་དེ་ལ་དམིགས་བསལ་གྱི་བེད་སྤྱོད་བྱེད་སྟངས་མང་པོ་ཞིག་བསྡུས་ཡོད་པས། ཡག་པོ་ཤེས་ན་བེད་སྤྱོད་ཧ་ཅང་འདུག །གུ་གུལ་ཚང་གིས་མ་འོང་ཞབས་ཞུ་དེ་ཡར་རྒྱས་གཏོང་ངེས་ཡིན་པས་རི་མོ་འབྲི་བྱེད་དེ་སྟེང་ PenTool དང་ Color Picker གི་ལག་ཆ་མེད་དུ་མི་རུང་དེ་གཉིས་གསར་སྣོན་ཐུབ་ན་ཇུས་འགོད་དང་རི་མོ་འབྲི་མཁན་ལ་ཧ་ཅང་སྟབས་བདེ་ཡོང་བ་འདུག

དཔེ་མཚོན་ཞིག།

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།