གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག

གུ་གུལ།, དྲ་ཚིགས་ངོ་སྤྲོད།

ཕྱི་ལོ་ 2016 ཟླ་ 3 ཚེས་ 31 ཉིན་སྤེལ།

བརྙན་ཟློས་འདི་ནི་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༣༡ ཉིན་གུ་གུལ་གྱི་ཡིག་བསྒྱུར་ཞབས་ཞུའི་སྒྲིག་ངོས་སམ་འཆར་ངོས་ལ་འགྱུར་བ་གསར་པ་འཐེབས་ཡོད་པ་དེ་ལ་གཞིགས་ཏེ་བཟོས། གུ་གུལ་ཡིག་བསྒྱུར་གྱི་ལས་འཆར་འདིར་རྒྱབ་སྐྱོར་དང་། དོ་ཁུར་ཡོད་མཁན་བོད་རིགས་གྲོགས་པོ་ཀུན་གྱི་ཆེད་དུ་ཡིན།

ཉེ་ཆར་གུ་གུལ་ཡིག་བསྒྱུར་ནང་སྐད་ཡིག་ 13 གསར་དུ་སྣོན་ཏེ་ད་ལྟའི་ཆར་ཡིག་བསྒྱུར་ཞབས་ཞུ་འདིའི་ནང་སྐད་ཡིག་ 103 ཆགས་ཡོད། སྐད་ཡིག་ 13 དེ་དག་ནི་ Amharic, Corsican, Frisian, Kyrgyz, Hawaiian, Kurdish (Kurmanji), Luxembourgish, Samoan, Scots Gaelic, Shona, Sindhi, Pashto and Xhosa བཅས་ཡིན་པའི་གསལ་བསྒྲགས་བྱས་འདུག

གུ་གུལ་ཡིག་བསྒྱུར་གྱི་ལས་འཆར་སྒྲོམ་སྟེགས་སམ་འཆར་ངོས་ལ་འགྱུར་བཅོས་གསར་པ་བཏང་ཡོད་པར་བརྟེན། ལས་གཞིའི་དེའི་གལ་ཆེན་དང་། ལྷག་བསམ་ཀུན་ནས་བླངས་ཏེ་ཡིག་བསྒྱུར་བྱེད་མཁན་ཀུན་ལ་ཡིག་བསྒྱུར་བྱེད་སྟངས་དང། ཡིག་བསྒྱུར་ནང་དག་བཅོས་བྱེད་སྟངས་གསལ་སྟོན་བྱེད་ཁུལ་ཡིན།

ཕྱི་ལོ་ 2015 ཟླ་ 1 ཚེས་ 15 ཉིན་སྤེལ་བ།

གུ་གུལ་གྱི་དྲ་ཐོག་ཡིག་བསྒྱུར་ཞབས་ཞུ་ Google Translator ནང་རྒྱལ་ཁབ་ 90 གི་སྐད་ཡིག་ཡོད། རང་ཅག་བོད་ཀྱི་སྐད་ཡིག་ཀྱང་ཡིག་བསྒྱུར་གི་ཞབས་ཞུའི་ནང་རྐུབ་སྟེགས་ཞིག་ཐོབ་པར་བོད་མི་མི་རེ་ངོ་རེར་ལག་ཐོག་ཏུ་འདུག །དེའང་དང་ཐོག་དབྱིན་ཡིག་གི་མིང་ཚིག་མི་ཉུང་བ་ཞིག་བོད་ཡིག་ནང་བསྒྱུར་འཚར་དགོས་པ་དང་། མིང་ཚིག་དེ་དག་མི་སུས་བསྒྱུར་ནའི་འགྲིགས་ཀྱི་འདུག

གུ་གུལ་ཡིག་བསྒྱུར་ཞབས་ཞུ་འདི་ནི་གློག་ཀླད་ཙམ་དུ་མ་ཟད་ཉིན་རེའི་འཚོ་བའི་ནང་སྤྱོད་བཞིན་པའི་ལག་ཐོག་ཁ་པར་ཆ་ཚང་ནང་བེད་སྤྱོད་ཡོང་ཐུབ། རྒྱལ་ཁབ་གཞན་གྱི་སྐད་ཡིག་གི་ཚིག་རེ་གཉིས་བོད་ཡིག་ཐོག་བསྒྱུར་ཐུབ་པ་ནས་འགོ་བཙུགས་ནས། སྐད་ཡིག་གཞན་གྱི་ནང་ཡོད་པའི་ཡིག་ཆ་ཆ་ཚང་། དེ་བཞིན་སྐད་ཡིག་གཞན་གྱི་དྲ་ཚིགས་དག་ཀྱང་ཐད་ཀར་བོད་བསྒྱུར་བྱེད་དེ་བལྟ་ཀློག་བྱེད་ཐུབ་པ་སོགས་ཀྱི་ཕུགས་རྒྱང་གི་དགེ་མཚན་ཆེན་པོ་ལྡན་ཡོད།

ཡིག་བསྒྱུར་གྱི་སྤུས་ཚད་དེ་ཐོག་མར་ལེགས་པོ་ཞིག་མེད་ངེས་ཀྱང་། དྲ་གྲོགས་ཚོས་ཡིག་བསྒྱུར་གྱི་ཞབས་ཞུ་བེད་སྤྱོད་ལོ་རེ་བཞིན་གཏོང་བའི་དུས་ཚོད་ནང་ལེགས་ནས་ལེགས་སུ་འགྲོ་རྒྱུ་ཉགས་ཅིག་རེད། དཔེར་ན། ཕྱི་ལོ་ ༢༠༡༡ ནང་ དབྱིན་ཡིག་ནས་རྒྱ་ཡིག་ཡིག་བསྒྱུར་གྱི་སྤུས་ཚད་ནི་བརྒྱ་ཆ་ 45% ལས་མེད་ཀྱང་ ཕྱི་ལོ་ ༢༠༡༤ ཟླ་བ་ ༨ པའི་ནང་ དབྱིན་ཡིག་ནས་རྒྱ་ཡིག་ཡིག་བསྒྱུར་གྱི་སྤུས་ཚད་ནི་བརྒྱ་ཆ་ 61% ཟིན་ཡོད།

ཡིག་བསྒྱུར་གྱི་སྤུད་ཚད་དེ་ནི་དྲ་མི་ཚོས་ཕྱག་གྲུ་མཉམ་འདེབས་ཀྱི་རྩོལ་བ་ལ་རགས་ལས་ཡོད། དོན་བསྡུས་པོར་ཞུས་ན་ད་བར་སྒེར་ཚོང་གི་མཉེན་ཆས་དང་དྲ་ཚིགས་མང་པོ་ཞིག་གི་ནང་དབྱིན་བོད་ཡིག་བསྒྱུར་ལས་གཞི་དང་ཚོང་རྫས་མང་པོ་ཡོད་ཀྱང་། གུ་གུལ་གྱི་ཡིག་བསྒྱུར་གྱི་ཞབས་ཞུ་ནང་ལྟར་རིན་མེད་དང་། བེད་སྤྱོད་རྒྱ་ཁྱབ་ཐུབ་པ་དེ་ལྟར་མེད།

ངའི་བསམ་པར་སེམས་ཤུགས་འཕར་ནས་བོད་ཀྱི་སྐད་ཡིག་དེ་བཞིན་བརྡ་འཕྲིན་ལག་རྩལ་གྱི་གཤོག་པར་དུས་ཐོག་ཏུ་བཟུང་ཐུབ་པ་དགོས་རྒྱུ་ནི་གལ་ཆེ་ཤོས་རེད་བསྙམས། ད་ལྟའི་གོམ་པ་ཆུང་ཆུང་དེས་མ་འོངས་གནད་ཀ་ཅན་གྱི་འདེམས་ག་ཞིག་ཀྱང་ཆགས་སྲིད།

གཤམ་ལ་གུས་པས་གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་དབྱིན་ཡིག་མིང་ཚིག་དེ་དག་བོད་ཡིག་ནང་བསྒྱུར་སའི་ས་ཐོག་དེ་སྟོན་གྱི་ཡིན།
གཤམ་གྱི་འགྲོ་ལུགས་ལྟར་བྱེད།
༡༽ དྲ་ཚིགས་དེར་ཕེབས་ http://translate.google.com/community
༢༽ གུ་གུལ་གློག་འཕྲིན་ཁ་བྱང་སྤྱད་དེ་ནང་དུ་འཛུལ་དགོས། གུ་གུལ་གློག་འཕྲིན་ཁ་བྱང་མེད་ན་དེབ་བསྐྱེལ་བྱེད་དགོས།
༣༽ My Language ལ་གནོན་རྗེས་ དབྱིན་ཇི་ཤེས་མཁན་ཚོས་ English དང་ Tibetan དེ་གཉིས་འདེམས། ( རྒྱ་ཡིག་ཤེས་མཁན་ཚོས་ Chinese དང་ Tibetan འདེམས། ཧིན་དྷི་ཤེས་མཁན་ཚོས་ Hindi དང་ Tibetan དེ་གཉིས་འདེམས།)
༤༽ དེ་ནས་ Translate ཞེས་པའི་ [ + ] སྔོ་རྟགས་དེར་གནོན་ནས་ མིང་ཚིག་ རེ་རེ་བཞིན་བོད་ཡིག་ནང་བསྒྱུར་འགོ་བཙུགས་ན་འགྲིག
༥༽ མིང་ཚིག་རེ་རེ་བསྒྱུར་ཟིན་པ་དང་ Submit ཞེས་པའི་ཐོག་གནོན་དགོས། གལ་ཏེ་མིང་ཚིག་ཁ་ཤས་ཁྱེད་ཀྱི་བསྒྱུར་མ་ཤེས་ན་ skip ཐོག་ལ་གནོན་ན་འགྲིགས།

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག་སླེབས་ཐུབ་མིན་གཙོ་བོ་ནི་མིང་ཚིག་ས་ཡ་གཅིག་ལྷག་བོད་བསྒྱུར་བྱེད་ཟིན་པ་དགོས། དེར་བརྟེན་ང་ཚོ་མི་རེ་ངོ་རེས་ཤུགས་བརྒྱག་དགོས་པ་མཐོང་།

གཤམ་གྱི་བརྙན་ཟློས་ཐུང་ཐུང་དེ་ནས་གསལ་པོ་ཤེས་ཐུབ་པའི་རེ་བ་ཡོད།


Leave a Reply

Your email address will not be published. Required fields are marked *