Blogger སྒང་གི་ Quick Edit དང་ Wrench Icon དེ་གཉིས་མེད་པ་བཟོ་ཐབས།

Uncategorized

Quick Edit དང་ Wrench ཟེར་ན་གང་རེད།

གུ་གུལ་ཟིན་བྲིས་བཟོ་ས་(BLOGGER) ནང་ Quick Edit གི་བྱེད་ནུས་དེ་ཧ་ཅང་ཕན་ཐོག་ཆེན་པོ་ཡོད། དྲ་ཚིགས་བདག་པོས་སོ་སོའི་དྲ་གནས་ཀྱི་རྩོམ་ཡིག་གང་ཞིག་ལྟ་བཞིན་ཡོད་པ་དེའི་ཐོག་སྨྱུག་གུའི་རྟགས་ཆུང་ཆུང་ཞིག་མཐོང་རྒྱུ་ཡོད། སྨྱུག་གུའི་རྟགས་དེའི་ཐོག་གནོན་ཏེ་རྩོམ་དེ་ཉིད་ཐད་ཀར་བཟོ་བཅོས་བྱེད་ཐུབ།

Wrench ཟེར་བའི་རྟགས་དེ་ནི། གུ་གུལ་ཟིན་བྲིས་ངོས་ཀྱི་བྱེད་ནུས་གཞན་ཞིག་ཡིན། དྲ་ངོས་གཡས་གཡོན་དུ་སོ་ཁ་ཆེ་ཆུང་སྒྲིག་ཆོག་པའི་སྐམ་པ་ཞིག་གི་རྟགས་ཡོད། སྐམ་པའི་རྟགས་དེས་དྲ་གནས་ཀྱི་ལྷུ་ལག་ (widget) ཆེ་ཆུང་སོ་སོའི་ནང་བཟོ་སྒྲིག་བྱེད་ཐུབ་རྒྱུའི་ནུས་པ་ཞིག་ཡིན།

Quick Edit དང་ Wrench གི་རྟགས་དེ་གཉིས་ཅིའི་ཕྱིར་སུབ་དགོས་པ་ཡིན་ནམ།

འདིེར་གཙོ་བོ་རྒྱུ་མཚན་གཉིས་ཡོད། དང་པོ་ནི་དྲ་ཚིགས་ཀྱི་ SEO རིམ་པ་འཕར་ཐུབ་པའི་ཆེད་དུ་རེད། SEO དབྱིན་ཡིག་ཐོག་ Search Engine Optimization ཟེར་བ་དང་། དེ་ནི་དྲ་ཐོག་གི་མཚོལ་བཤེར་མ་ལག་ Google Search དང་ Bing, DuckDuckGo, Baidu Search, Yahoo Search སོགས་ཀྱི་ནང་གཞན་གྱི་ཡིག་ཆ་དང་གནས་ཚུལ་འཚོལ་མྱུལ་བྱེད་པའི་སྐབས་སོ་སའི་དྲ་ཚིགས་དང་རྩོམ་ཡིག་རྣམས་འཚོལ་དཔང་ངོས་སུ་ལམ་སེང་ཤར་ཐུབ་པ་དང་གཞན་གྱིས་རྙེད་ཐུབ་པ་ཡོང་རྒྱུའི་ཆེད་དུ་ཡིན། Quick Edit དང་ Wrench རྟགས་ཡོད་ན་ SEO ཉམས་དམས་སུ་གཏོང་གི་ཡོད་སྟབས། དེ་གཉིས་མེད་པ་བཟོ་ཐུབ་ན་དགེ་མཚན་རེད།

རྒྱུ་མཚན་གཞན་དེ་ནི། དྲ་བདག་གྱིས་དྲ་ཚིགས་ལ་བཟོ་བཅོས་དང་རྩོམ་ཡིག་སྤེལ་ཞོར་དྲ་ཚོགས་དངོས་ལ་ལྟ་སྐབས་གཡས་གཡོན་དུ་ Quick Edit དང་ Wrench རྟགས་དེ་དག་འཆར་འོང་གི་ཡོད། དེས་དྲ་ཚིགས་ལ་མཛེས་ཆ་མི་མཐོང་ལ། རྟགས་དེ་རིགས་མང་པོ་ཡོད་དུས་གསུན་སྣང་ཞིག་བསྟེར་གྱི་ཡོད། དེར་བརྟེན་རྟགས་དེ་གཉིས་མེད་པ་བཟོ་དགོས་པ་ཡོང་གི་ཡོད།

དཀར་ཆག

(A) Wrench སུབ་སྟངས།
—ཐབས་དང་པོ། CSS སྤྱད་དེ་ Wrench མི་མངོན་པ་བཟོ་སྟངས།
—ཐབས་གཉིས་པ། HTML Comment Tag སྤྱད་དེ་ Wrench སུབ་སྟངས།
—ཐབས་གསུམ་པ། Wrench གཏན་དུ་སུབ་སྟངས།
(B) Quick Edit སུབ་སྟངས།
(C) བརྙན་ཟློས་ལན་ནས་སློབ་སྟོན།

(A) Wrench སུབ་སྟངས།

སྐམ་པའི་རྟགས་དེ་སུབ་དགོས་ན། བྱེད་སྟངས་སྣ་ཁ་གསུམ་ཡོད། དེ་དག་ལས་གང་ཞིག་ཁྱེད་ལ་ལས་ལྷ་བ་འདུག་བསམ་ན་དེ་ནས་ཐབས་ལམ་གཅིག་སྤྱད་ན་ཆོག

(A.1) ཐབས་དང་པོ། CSS སྤྱད་དེ་ Wrench མི་མངོན་པ་བཟོ་སྟངས།

ཁྱེད་ཀྱིས་ CSS སྤྱད་ནས་སྐམ་པའི་རྟགས་དེ་གསུབ་ཐུབ། ཐབས་ཤེས་གསུམ་གྱི་ནང་ནས་སྟབས་བདེ་ཤོས་དང་གཏན་ཤོས་ཤིག་རེད། ཁྱེད་ཀྱིས་གཤམ་གྱི་ CSS Code དེ་བཤུས་ཏེ་དྲ་ཚིགས་འདེམས་སྒྲོམ་ནས་ Theme > Customize >Advanced > Add CSS ཐོག་བཀོད་དགོས།

དེ་རྗེས་ Apply to Blog ཟེར་བ་དེའི་ཐོག་གནོན་དགོས།

དཔེ་རིས་ལ་གཟིགས།

(A.2) ཐབས་གཉིས་པ། HTML Comment Tag སྤྱད་དེ་ Wrench སུབ་སྟངས།

ང་ཚོས་ HTML བཏགས་པའི་རྒྱུད་རིམ་ནང་མཆན་བཀོད་བྱེད་དུ་ Comment Tag <!– — > འདི་འདྲ་ཞིག་བཀོད་ཀྱི་ཡོད། དེར་བརྟེན་སྐམ་པའི་རྟགས་བཀོད་སའི་ HTML དེ་དག་མཆན་གྱི་རྣམ་པར་འགྱུར་ན་འགྲིག སྐམ་པའི་རྟགས་དེ་དག་གི་ HTML གཏེ་བ་ནི་ <b:include name=’quickedit’/> ཟེར་བ་དེ་རེད།

དྲ་ཚིགས་ཀྱི་འདེམས་སྒྲོམ་ངོས་ལས་ Theme > Edit HTML ནང་ངས་སུ་ཁ་ཕྱེ་ནས་ གོང་གི་ HTML code <b:include name=’quickedit’/> དེ་འཚོལ་ནས། དེའི་ཐོག་ !– དང་ — ཁ་སྟོན་བྱས་ཏེ་ HTML དེ་མཆན་གྱི་ངོ་བོར་བཟོ་དགོས། གཤམ་ལྟར།

HTML code དངོས་འཚོལ་དགོས་པ། <b:include name=’quickedit’/>
HTML code མཆན་གྱི་རྣམ་པར་བཟོས་པ། <!–b:include name=’quickedit’/–>

དྲ་གནས་སུ་ལྷུ་ལྷག་ (widget) ཇི་ཙམ་ཡོད་དེ་ཙམ་གྱི་གོང་གི་ HTML code དེ་དག་ཆ་ཚང་མཆན་གྱི་རྣམ་པར་བཟོ་དགོས། གཤམ་གྱི་དཔེ་རིས་ལ་གཟིགས།

(A.3) ཐབས་གསུམ་པ། Wrench གཏན་དུ་སུབ་སྟངས།

ཐབས་ལམ་གསུམ་པ་འདི་ནི་གོང་གི་ཐབས་ལམ་གཉིས་པའི་ནང་ HTML code <b:include name=’quickedit’/> འདི་འཚོལ་ཏེ་ HTML དེ་དག་ཐད་ཀར་སུབ་ན་འགྲིག

(B) Quick Edit སུབ་སྟངས།

རྩོམ་དང་དྲ་ངོས་སུ་འཆར་བའི་སྨྱུག་གུའི་རྟགས་དེ་སུབ་རྒྱུ་ལས་ལྷ་པོ་ཡོད། དྲ་ཚིགས་ཀྱི་འདེམས་སྒྲོམ་ལས་ Layout > Main > Edit དེ་ནས་བསྐྱར་དུ་ Configuration Blog Posts ཟེར་བའི་འདེམས་སྒྲོམ་ཆུང་བ་ཞིག་འཆར་ངེས། དེའི་ནང་ངོས་ནས་ Show Quick Edit ཟེར་བ་དེ་འདེམས་ཐོ་ལས་མེད་པ་བཟོས་ན་འགྲིག

(C) བརྙན་ཟློས་ལམ་ནས་སློབ་སྟོན།

བརྙན་ཟློས་བཟོ་སྒྲིག་ཚར་བ་དང་འདིར་གང་མགྱོགས་སྤེལ་རྒྱུ།


Leave a Reply

Your email address will not be published. Required fields are marked *