གུ་གུལ་གློག་འཕྲིན་གྱི་བདེ་འཇག་ལ་ལྟ་ཞིབ་བྱེད་ཐབས།

གློག་ཀླད་དང་ཁ་པར། དེ་བཞིན་མཉེན་ཆས་མང་པོའི་ནང་རང་ཉིད་ཀྱི་གུ་གུལ་གློག་འཕྲིན་ཁ་བྱང་སྤྱད་ཡོད་ན། ངའི་བསམ་པར་ད་ཐེངས་རྩོམ་ཡིག་འདི་ཀློག་ཞོར་རང་ཉིད་ཀྱི་གུ་གུལ་གློག་འཕྲིན་ཁ་བྱང་གི་བདེ་འཇག་ལ་ལྟ་ཞིབ་ཅིག་བྱེད་ན་ལེགས།

འདི་ལོའི་ཕྱི་ཟླ་ 2 ཚེས་ 17 སྔོན་ཙམ་དུ་གུ་གུལ་གྱིས་གུ་གུལ་གློག་འཕྲིན་སྤྱོད་མཁན་རྣམས་ལ་རང་ཉིད་ཀྱི་གློག་འཕྲིན་བདེ་འཇག་རྟོག་ཞིབ་བྱེད་པའི་དྲ་ཐག་ཞིག་འགྲེམས་བསྒྲགས་བྱེད་པ་དང་། བརྟག་དཔྱད་ཀྱི་རིམ་པ་ཆ་ཚང་སྒྲུབ་མཁན་ལ་གུ་གུལ་ངོས་ནས་ 2GB གྱི་ཡིག་གསོག་སྟོང་ཆ་སྤར་གྱི་ཡོད་འདུག

འདིར་ད་རན་ 2GB རགས་ཐབས་ཤིག་མེད་ཀྱང་གནད་འགག་ཆེ་ཤོས་གཅིག་ནི། སྒེར་གྱི་གུ་གུལ་གློག་འཕྲིན་ཁ་བྱང་གཏན་པོ་ཡོད་མེད་ཤེས་རྟོགས་བྱེད་ཐུབ་པ་བྱེད་རྒྱུ་དེ་ཡིན། དྲ་ཚིགས་ཁ་བྱང་དེའི་ཐོག་འགྲོ་དགོས། http://goo.gl/ccgyV0 དེར་ཁྱེད་ཀྱི་གུ་གུལ་ཁ་བྱང་དང་གསང་ཨང་བཀོད་ནས་འགྲོ་དགོས།

དེའི་ནང་རྟོགས་ཞིབ་བྱེད་པའི་སྡེ་ཚན་གསུམ་ཡོད།

1. Check your recovery information
གལ་ཏེ་གློག་འཕྲིན་གྱི་གསང་ཨང་བརླག་དོར་ཤོར་ན། གསང་ཨང་བསྐུར་སའི་གློག་འཕྲིན་ཁ་བྱང་གཉིས་པ་དང་། ཡང་ན་ལག་ཐོག་ཁ་པར་ཨང་། ཡང་ན་དྲི་བ་དྲིས་ལན་རྒྱུད་རགས་ཐབས་ཀྱི་དྲི་བ་རྣམས་བཏགས་བཏགས་ཡོད་མེདབལྟ་དགོས།

2. Check your connected devices
གློག་ཀླད་དང་། ཁ་པར། དེ་བཞིན་གློག་ཆས་གཞན་གྱི་རྒྱུད་ནས་གློག་འཕྲིན་ཁ་བྱང་འདི་བེད་སྤྱོད་བྱེད་ཀྱི་ཡོད་པའི་རེའུ་མིག་སྟོན་གྱི་ཡོད། གལ་ཏེ་བེད་སྤྱོད་བཏང་གི་ཡོད་ན་ས་གནས་ག་ནང་བཏང་གི་ཡོད་པ་གསལ་སྟོན་བྱེད་ཀྱི་རེད། དོགས་གཞི་ཡོད་ན་གཙང་སེལ་དང་། གསང་ཨང་བརྗེ་ཐབས་གནང་།

3. Check your account permissions
མཐའ་མ་དེ་ནི་མཉེན་ཆས་དྲ་མིན་གྱིས་རང་གི་གུ་གུལ་གློག་འཕྲིན་ཁ་བྱང་གི་གནས་ཚུལ་བལྟ་བཅུག་ཡོད་མེད་སྟོན་ཐུབ། གལ་ཏེ་སྒེར་གྱི་གནས་ཚུལ་བསྐུང་འདོད་ན། མཉེན་ཆས་དེ་དང་དེ་འབྲེལ་ལས་(Remove) ལ་གནོན་ཏེ་སུབ་དགོས།

དེ་རིམ་པ་གསུམ་བལྟ་འཚར་ན་གཤམ་གྱི་རི་མོ་དེ་དང་འགྲིགས་རྟགས་གསུམ་པོ་དེ་འཆར་ངེས། དེ་ནི་ཁྱེད་ཀྱི་སོ་སོའི་གློག་འཕྲིན་ཁ་བྱང་གི་བདེ་འཇགས་ལ་རྟོག་ཞིབ་འཚར་བ་མཚོན།

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།