Torrent ཟེར་ན་གང་རེད།

སྐབས་རེ་རང་ལ་དགོས་པའི་མཉེན་ཆས་དང་གློག་བརྙན། དེབ། གཞས་སོགས་དྲ་རྒྱའི་ཐོག་བཙལ་ནས་རང་གི་རྩིས་འཁོར་ནང་ཕབ་ལེན་བྱ་དགོས་པ་ཡོང་གི་ཡོད། ཡིག་ཆ་དང་མཉེན་ཆས་དེ་དག་ཆུང་ངུ་ཞིག་ཡིན་ན། དྲ་ངོས་ནས་ཐད་ཀར་ཕབ་ལེན་བྱ་ཐུབ། གློག་བརྙན་དང་མཉེན་ཆས་རིགས་ཅུང་ཆེན་པོ་ཞིག་ཡིན་ན།  (དཔེར་ན། ཉེ་ཆར་གསར་དུ་ཐོན་པའི་Adobe CS6 ཆ་ཚང་དང་། གློག་བརྙན་གསར་པ་ Iron Man 3 ལྟ་བུ།  ) དེ་རིགས་ཕབས་ལེན་དཀའ་བ་དང་། བར་ཆད་མང་བ། ཕབས་ལེན་ཟིན་ཀྱང་ཡིག་ཆ་བེད་མེད་འགྱུར་བ་སོགས་ཡོང་གི་ཡོད། དཀའ་ངལ་དེ་དག་ལས་རྣམ་པར་རྒྱལ་བའི་ཕབས་ལེན་བྱེད་སྟངས་དམིགས་བསལ་ཞིག་བཀོལ་གྱི་ཡོད་པས་དེ་ལ་ Torrent ཞེས་པ་དང་ད་རེས་འདིའི་སྐོར་ངོ་སྤྲོད་ཞུ།

དྲྭ་རྒྱའི་ཁམས་འདིའི་ནང་ཡིག་ཆ་སྣ་ཚོགས་དང་གློག་ཀླད་ཀྱི་ཡིག་ཆ་ཕོན་ཆེ་ཤོས་ཊོ་རེན་ (torrent sites) དྲ་སྟེངས་ཐོག་བཞག་ཡོད། ཊོ་རེན་དྲ་གནས་དེ་དག་ད་ཆ་ཡིག་མཛོད་དམ་རིག་མཛོད་ཞིག་ཏུ་འགྱུར་ཟིན། ཊོ་རེན་འཚོལ་སའི་དྲྭ་ཚིགས་སྐད་གྲགས་ཡོད་པ་ནི། www.mininova.org དང་ http://www.isohunt.com , http://www.thepiratebay.org , http://www.torrentz.com , http://extratorrent.com སོགས་གྲངས་ལས་འདས། ཊོ་རེན་དྲྭ་ཚིགས་དེ་དག་ནང་གློག་བརྙན་དང་། གཞས། ཡིག་ཆ། དཔར། མཉེན་ཆས་ས་ཡ་འགལ་བ་ཡོད། རང་ཉིད་ཀྱི་མ་འཚོལ་བ་མ་ཏོག །མ་རགས་པའི་ཆ་འཕྲིན་ཧ་ལམ་མེད་ཟེར་ཡང་མཆོག
ཊོ་རེན་ཐོག་ཡོད་པའི་ཡིག་ཆ་རྣམས་དྲྭ་རྒྱའི་མཐུན་རྐྱེན་ལེགས་མིན་གང་ལྟར་སུས་ཀྱང་ཕབས་ལེན་ཐུབ་ཆེད་བཞག་པ་ཞིག་ཡིན་པས། ཊོ་རེན་ཡིག་ཆ་ཡིན་ནོ་ཅོག་སྤུས་ཀ་ལེགས་པོ་ཡོད་པའི་ཁྱབ་པ་མེད། དེར་བརྟེན་སོ་སོས་རྒྱུན་མང་ཕབས་ལེན་བྱེད་པའི་ཉམས་མྱོང་དང་དྲྭ་གྲོགས་ཀྱི་སློབ་སྟོན། དེ་བཞིན་ཡིད་བཏོན་རུང་བའི་ཕབས་ལེན་བྱེད་ས་བཅས་ལ་གཞིགས་དགོས།

ཊོ་རེན་གྱི་དྲྭ་ཚིགས་ནས་ཊོ་རེན་ཕབས་ལེན་བྱེད་སྐབས་ཁྱེད་ལ་ text file ཡིག་ཆ་ཞིག་ལོན་ཐུབ། ཕལ་ཆེར་ཡིག་ཆ་ཆེ་ཆུང་ KB ཁ་ཤས་ཡིན། ཡིག་ཆ་ཆུང་ཆུང་ཡིན་ཡང་དེའི་ནང་ཕབས་ལེན་ཇི་ལྟར་བྱ་དགོས་པ་དང་། ག་ནས་ལེན་དགོས་པ། གྲབས་གསོག་དང་རིམ་མཐུད་བྱེད་སྟངས་སོགས་འཁོེད་ཡོད། ཡིག་ཆ་དེ་ཁ་འབྱེད་བྱེད་ Torrent Client ཟེར་བའི་མཉེན་ཆས་སྤྱད་དགོས།

གལ་ཏེ་ཊོ་རེན་དྲ་ཚིགས་ཤིག་ལས་ 4GB བྱས་པའི་གློག་བརྙན་ནམ། 600MB ཅན་གྱི་མཉེན་ཆས་རིགས་ཕབ་ལེན་དགོས་པ་བྱུང་ན་ཁྱེད་ཀྱིས་ངེས་པར་དུ་གཤམ་གྱི་ Torrent Client མཉེན་ཆས་གང་རུང་གཅིག་རང་ཉིད་ཀྱི་རྩིས་འཁོར་ནང་ཡོད་དགོས།

Bit Torrent v7.8 (1.07MB)
Flash Get v3.7 (6.37MB)
uTorrent v3.3.1 (960KB)
Vuze v4.9 (7.25MB)
Bitcomet v0.9 (5.1MB)

གོང་གི་མཉེན་ཆས་དེ་དག་གི་བྱེད་ལས་གཅིག་པ་ཡིན། ཕབ་ལེན་གྱི་རྒྱུན་རིམ་མང་པོ་སྤྱད་དེ་ཕབས་མྱུར་བ་དང་། སྐབས་གསོག་བཀོལ་ནས་ཕབ་ལེན་ལ་བར་ཆད་བྱུང་ན་ཕབ་ཟིན་པ་དག་སྔུན་དུ་གསོག་ནས་ཕྱི་མ་ཕབ་ལེན་བྱ་སྐབས་སྔོན་གྱི་འཕྲོར་མཐུད་ནས་མུ་མཐུད་དུ་ཕབ་ལེན་བྱ་ཐུབ་པའི་ཁྱད་ཆོས་ལྡན། དཔེར་ན། དེ་རིང་གློག་བརྙན་ཞིག་བརྒྱ་ཆ་ 60% ལས་ཕབས་ལེན་མ་སྒྲུབ་ན་སང་ཉིན་རྩིས་འཁོར་ཁ་ཕྱེ་ནས་ལྷག་མ་རྣམས་མུ་མཐུད་ནས་ཕབས་ལེན་བྱེད་པ་ལྟ་བུའོ། དེར་བརྟེན་ཁྱེད་ཀྱིས་ Torrent Client ཞིག་རྩིས་འཁོར་ནང་སྒྲིག་འཇུག་བྱས། དེ་ནས་གོང་གི་ཊོ་རེན་དྲྭ་ཚིགས་ཞིག་གི་ངོས་ནས་ཡིག་ཆ་གང་འདོད་གཅིག་ཕབས་ལེན་གནང་དང་ཤེས་ངེས་ཡིན།

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།