Android གྱི་ལོ་རྒྱུས་ཐུང་ཐུང་ཞིག

ལོ་ཤས་ནང་ང་ཚོས་ཁ་པར་གྱི་བྱེད་ལས་ལ་ཡར་རྒྱས་མངོན་གསལ་འདོད་པོ་དང་བེད་སྤྱོད་བཏང་རྒྱུར་ཧ་ཅང་སྟབས་བདེ་རུ་ཕྱིན་ཡོད། དེང་སང་གི་ཁ་པར་ནི་མི་ཕན་ཚུན་བར་སྐད་ཆ་བཤད་ཐུབ་པ་གཅིག་པུ་མིན་པར། ཁ་པར་རྒྱུད་དྲྭ་ཚིགས་བསྔོག་རྒྱུ་དང་། གནས་ཚུལ་མཁོ་སྒྲུབ། གཞས་དང་གློག་བརྙན་བལྟ་ཕབས་ཐུབ་པ། གློག་རྩེད་སྟོང་ཕྲག་ལྷག་རྩེ་རྒྱུ་སོགས་ལོ་ངོ་ལྔའི་གོང་དུ་དེ་དག་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན། དེ་ལྟར་ཁ་པར་རྒྱུད་ཆ་འཕྲིན་གྱི་ལག་རྩལ་གོང་མཐོར་འགྲོ་གཞི་གཙོ་བོ་གཅིག་ནི་ཁ་པར་ནང་ངོས་སུ་ Android སྒྲིག་བཀོད་མ་ལག་བེད་སྤྱད་པ་ལས་བྱུང་།
Android ནི་ཕྱི་ལོ་ ༢༠༠༣ ལོར་ California ས་གནས་ Palo Alto ནང་གནས་སྡོད་སྐུ་ཞབས་ Andy Rubin དང་སྐུ་ཞབས་ Rich Miner, Nick Sears , Chris White བཅས་ཀྱིས་མཉམ་ལས་བྱས་པ་ལས་བྱུང་བ་ཞིག་ཡིན། ཐོག་མའི་དམིགས་ཡུལ་ནི་དཔར་ཆས་ཀྱི་སྒྲིག་བཀོད་མ་ལག་གསར་པ་ཞིག་བཟོ་རྒྱུ་བྱས་ཡོད་ཀྱང་ཚོང་རྭའི་ཐོག་ཁེ་ཕན་མེད་པར་བརྟེན། སྐབས་དེའི་ཁ་པར་གྱི་སྒྲིག་བཀོད་མ་ལག་རྒྱུགས་བཞིན་པ་ Symbian དང་ Window Mobile སོགས་ཀྱི་ཚོང་རྭའི་འགྲན་བསྡུར་ནང་དུ་བཞུགས་དགོས་བྱུང་། སྟབས་མི་ལེགས་པ་ཞིག་ལ་ལོ་འདི་གར་ Android བཟོ་ཚོང་མ་ལག་དེ་ཉིད་ཀྱི་མ་རྩ་འདིབས་ནས་སྒོ་བརྒྱག་དགོས་བྱུང་བ་རེད།

ཕྱི་ལོ་ ༢༠༠༥ ཟླ་ ༨ ཚེས་ ༡༧ ཉིན་གུ་གུལ་ཚོང་སྡེས་ Android ཉོས་ཏེ་སྐུ་ཞབས་ Rubin , Miner , White རྣམ་པ་གསུམ་ལས་བྱེད་ཁུངས་སུ་ཉར་ཡོད། དེ་ནི་གུ་གུལ་རང་ཉིད་ཀྱང་ཁ་པར་གྱི་ཚོང་རྭའི་ཐོག་གོམ་པ་སྤོ་རྒྱུའི་དམིགས་ཡུལ་འཛིན་ཡོད་པ་རྟོགས་ཐུབ། དེ་ལྟར་རིམ་པས་ལས་གཞི་རྒྱ་སྐྱེད་བྱུང་བ་དང་། ཕྱི་ལོ་ ༢༠༠༧ ཟླ་ ༡༡ ཚེས་ ༥ ཉིན་ Open Handset Alliance ཞེས་པའི་ལག་ཐོག་ཁ་པར་གྱི་སྒྲིག་བཀོད་ཚད་ལྡན་ཡོང་པའི་མཉམ་ལས་ཁང་འདི་འགོ་བཙུགས་པ་རེད། མཉམ་ལས་ཁང་དེའི་ནང་ཁ་པར་བཟོ་མཁན་ HTC དང་ Samsung, ཁ་པར་བརྡ་འཕྲིན་ཚན་པ་ Sprint Nextel དང་ T-Mobile འདུས་སྙིང་(chipset) བཟོ་མཁན་ Qualcomm དང་ Texas Instrument སོགས་ཚུད་ཡོད། ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༢༢ ཉིན་ Android 2.6 ཅན་གྱི་ལག་ཐོག་ཁ་པར་དང་ཤོས་ HTC Dream དེ་ཉིད་ཚོང་རྭའི་ཐོག་སྤེལ་བ་རེད།

ཕྱི་ལོ་ ༢༠༠༨ ནས་བཟུང་ཁ་པར་བཟོ་ཚོང་ཁང་གིས་ Android སྒྲིག་བཀོད་མ་ལག་གསར་པ་དེ་ལག་ཐོག་ཁ་པར་ཚང་མའི་ནང་བླུགས་ནས་ཚོང་འགྲེམས་བྱེད་སྒོ་བཙུགས།

Android སྒྲིག་བཀོད་མ་ལག་དེ་ཉིད་ཀྱང་བཅོས་སྒྲིག་དང་ཁྱད་ཆོས་གསར་པ་ཁ་སྣོན་བྱས་པ་ལས་ Android གྱི་ཐོན་རིམ་ཁག་མང་པོ་བྱུང་ཡོད། Android གྱི་ཐོན་རིམ་གསར་པ་རེ་ལ་མིང་གསར་པ་བཏགས་ཀྱི་ཡོད། མིང་དེ་དག་ ABCD གོ་རིམ་ཡིན་པ་དང་མངར་ཟས་ཞིག་གི་མིང་ཡིན། དཔེར་ན།
Android v0.9 = Astro
Android v1.0 = Breakcumb
Android v1.5 = Cupcake
Android v1.6 = Donut
Android v2.0 = Eclair
Android v2.2 = Froyo
Android v2.3 = Gingerbread
Android v3.1 = Honeycomb
Android v4.0 = Ice Cream Sandwich
Android v4.1 = Jelly Bean
Android v4.4 = Kitkat
Android v5.0 = Lillipop
Android v6.0 = Marshmallow
Android v?.? = N*****

གནས་ཚུལ་ཁུངས་ལྡན་ལྟར་ན་ android v6.0 ནང་བོད་ཡིག་ལ་རྒྱབ་སྐྱོར་ཐོབ་ཡོད་པ་དང་། གུ་གུལ་ཁ་པར་ Nexus དང་ Motorola ནང་བོད་ཡིག་སླེབས་ཀྱི་ཡོད། ཁ་པར་བཟོ་ཚོང་གཞན་རྣམས་ཨན་ཌོ་དྲུག་པ་མགྱོགས་མྱུར་འགྲེམས་སྤེལ་དང། ང་ཚོར་ཨན་ཌོའི་མ་ལག་གསར་ཤོས་དེའི་ཐོག་རིམ་སྤར་བྱེད་རྒྱུ་ཡོང་ཐུབ།

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།