Google Keep

Google Keep ནི་རང་ཉིད་ཀྱི་དྲན་ཐོའམ་ཟིན་བྲིས་ཐུང་ངུའི་རིགས་ཉར་ཚགས་དང་དྲན་སྐུལ་ཡང་ན་རིག་པ་གསར་པ་འཕེལ་བར་བྱེད་པའི་ཞབས་ཞུ་ཞིག་ཡིན། སྤྱིར་བཏང་ Evernote དང་ StickyNote སོགས་ཀྱི་ཞབས་ཞུ་མང་དག་སྔོན་ནས་ཐོན་ཡོད་ཀྱང་གུས་པར་མཚོན་ན་གུ་གུལ་གྱི་ཞབས་ཞུ་ཁོ་ནར་དགའ་བས་ཟིན་བྲིས་ཐུང་ཐུང་བྲིས་ས་དང་ཉར་ཚགས་བྱེད་ས་དེ་འདྲ་ཞིག་གུ་གུལ་རང་ཉིད་ཀྱིས་བཟོས་ན་ལེགས་བསྙམས་མྱོང་།

ད་རེས་ Google Keep ཞབས་ཞུ་གསར་པ་སླེབས་པ་དང་དེ་སྔོན་གུ་གུལ་རང་ཉིད་ཀྱིས་སྟོང་ཆ་ཞིག་བཀང་ཐུབ་པ་མ་ཟད། གུ་གུལ་ཞབས་ཞུ་ལོངས་སུ་སྤྱོད་མཁན་ང་ཚོའི་རེ་འདུན་ཞིག་ཀྱང་མ་འབད་ལྷུན་གྱིས་སྒྲུབ་སོང་སྙམ། ཞབས་ཞུ་དེ་གློག་ཀླད་དང་ཁྱེད་ཀྱི་ android ཁ་པར་ནས་ཀྱང་ཁ་ཕྱེ་ཐུབ་པ་མ་ཟད་དེ་བེད་སྤྱོད་བྱེད་པར་དཀའ་ཚེགས་གང་ཡང་མེད།

Google Keep ནང་ང་ཚོས་རྒྱུན་གཏན་ལྟར་ཡི་གེ་བཏགས་ཐུབ་པ་དང། པར་བཞག་ཆོག གལ་ཏེ་ཡི་གེ་བཏགས་འདོད་མེད་ན་ཁ་ནས་བཤད་ན་རང་འགུལ་གྱིས་ཡི་གེ་འབྲི་རོགས་བྱེད་པ་སོགས་ཧ་ཅང་སྙིང་རྗེ་པོ་དང་ལས་ལྷ་པོ་འདུག །ཁྱེད་ཀྱི་དྲན་ཐོ་རྣམས་རང་ཉིད་ཀྱི་ drive.google.com ཐོག་ཉར་ཚགས་བྱེད་ཀྱི་ཡོད་པས་བརླག་འདོར་ཤོར་བའི་རེ་དོགས་གང་ཡང་གནང་མི་དགོས། Android བེད་སྤྱོད་བྱེད་མཁན་ཚོས་ Google Play Store ལ་གནོན་ནས་བལྟ་ན་འགྲིགས། གལ་ཏེ་སྤྱིར་བཏང་གི་གློག་ཀླད་རྒྱུད་བལྟ་ན། དྲ་ཚིགས་ཁ་བྱང་འདིར་གཟིགས་ keep.google.com

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།