FOTOR for Every Photo Editing

སྟབས་བདེ་ཤོས་དང་། ལས་ལྷ་ཤོས། སྤྱོད་སྒོ་ཆེ་ཤོས་ཅན་གྱི་དྲ་ལམ་པར་བཟོའི་ཞབས་ཞུ་འདི་ནི་ངའི་དགའ་ཤོས་ཀྱི་གཉན་ཆས་མང་པོ་ནང་ནས་གཅིག་ཡིན། སྐབས་རེ་ Photoshop སོགས་མཉེན་ཆས་ལྗིད་པོ་དེ་རིགས་སྤྱོད་མི་དགོས་པར་ལས་ལྷ་བཅོས་ལྟ་བུ་པར་བཟོའི་ལས་ཀ་མང་དག་ཞིག་སྒྲུབ་ཐུབ་པའི་མཉེན་ཆས་ཡག་པོ་ཞིག་འདུག

གལ་ཏེ་དྲ་ཚིགས་ཁ་བྱང་ http://www.fotor.com དེར་གཟིགས་ན། དྲ་རྒྱའི་རྒྱུད་དྲ་ཐོག་རང་དུ་བསྡད་ནས་རང་ཉིད་ཀྱི་པར་ལ་བཟོ་བཅོས་བྱེད་རྒྱུའི་མཐུན་རྐྱེན་སྐྲུན་ཡོད། དེ་ཡང་ཞབས་ཞུ་དེ་སྤྱིར་བཏང་གི་གློག་ཀླད་སྟེང་ནས་སྤྱོད་ཆོག་པ་མ་ཟད་རང་ཉིད་ཀྱི་ལག་ཐོག་ཁ་པར་དང་ Tablet སོགས་གང་གི་ནང་དུ་འཇུག་རྒྱུ་ཡོད། བཟོ་བཅོས་བྱེད་རྒྱུའི་པར་རྣམས་རང་ཉིད་ཀྱི་གློག་ཀླད་དམ། དྲ་ཚིགས་ཤིག་གམ། ཡང་གཞན་སྤྱི་ཚོགས་དྲ་ལམ་ facebook དང་ twitter, Picasa, Flickr , WebCam སོགས་ག་ནས་ལེན་ཀྱང་ཆོག། །པར་བཟོ་བཅོས་སྒྲུབ་པ་དང་གོང་ཁོད་སྤྱི་ཚོགས་ཞབས་ཞུ་གང་རུང་དུ་ཐད་ཀར་སྤེལ་ཐུབ་པ་དང་རང་ཉིད་ཀྱི་གློག་ཀླད་ནང་དུའང་ཉར་ཚགས་བྱེད་རྒྱུའི་འདེམས་ཀ་ཡོད།

པར་བཟོའི་རྒྱུ་ཆ་ལ་ཡང་བྲེག་གཏུབ་དང་། ཆེ་ཆུང་། ཚོན། མདངས། ཡི་གེ མཐའ་ལྕགས་སོགས་ཅི་རིགས་བཀོད་རྒྱུ་ཡོད། གལ་ཏེ་ཚོད་ལྟ་ཞིག་གནང་ན་ཏན་ཏན་མཁྱེན་ངེས་རེད།

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།