Gmail Scan Inline Image

ཉེ་ཆར་ gmail གློག་འཕྲིན་ཞབས་ཞུས་རང་ཉིད་ཀྱི་གློག་འཕྲིན་ནང་བཀོད་པའི་འདྲ་པར་རྣམས་ཐད་ཀར་གློག་འཕྲིན་ཁ་བསྔོག་པ་དང་འཆར་ཐུབ་པ་བཟོས་ཡོད། གཅིག་བྱས་ན་ཁྱེད་ཀྱིས་བསམ་པར་དེ་ནི་དམིགས་བསལ་བཤད་རིན་མེད་པ་ལྟ་བུ་འཚོར་སྲིད། འོན་ཀྱང་དེ་ནི་ཤིན་ཏུ་གནད་ཀ་ཅན་གྱི་གོམ་སྟབས་ཞིག་ཡིན་པ་དང་། ད་བར་ yahoo དང་ hotmail སོགས་གློག་འཕྲིན་ཞབས་ཞུ་སུས་ཀྱང་དེ་ལྟར་བཟོ་བའི་གདེང་ཚོད་ཞིག་འཆར་མེད།

བསམ་བློ་ཞིག་ཐོངས་དང་དེ་སྔ་ཁྱེད་ཀྱི་གློག་འཕྲིན་གྱི་སྦྲགས་སྒམ་ནང་བསྒྲགས་གཏམ་དང་ཁྱབ་བསྒྲགས་དེ་བཞིན་ html, css, image སོགས་ཀྱིས་མཛེས་བཀོད་བྱེད་པའི་ཡི་གེ་རྣམས་ཐད་ཀར་མི་ཤར་བ་དང་། གལ་ཏེ་པར་དེ་དག་ཤར་དགོས་ཚེ་ངེས་པར་དུ་ “Display Image from this user” ཞེས་པའི་ཐོག་ངེས་པར་དུ་ཐེངས་རེ་གནོན་དགོས་ཀྱི་ཡོད། དེ་ལྟར་བྱེད་དགོས་དོན་ནི། གློག་འཕྲིན་ནང་ཐད་ཀར་བཀོད་པའི་པར་དེ་དག་རྒྱུད་དྲ་དུག་དང་། གསང་འཛུལ། དེ་བཞིན་རང་ཉིད་ཀྱི་ IP སོགས་གཞན་གྱིས་ལས་ལྷ་པོས་ཧ་གོ་འགྲི་ཡི་ཡོད། གློག་འཕྲིན་བེད་སྤྱོད་བྱེད་མཁན་དང་དེ་བཞིན་གློག་འཕྲིན་ཞབས་ཞུའི་ལྟེ་གནས་ email server གཉིས་ཀའི་བདེ་འཇག་དང་ཁེ་དབང་ལ་དོ་ཕོག་མ་ཡོང་བའི་སྔོན་འགོག་བྱེད་ཆེད་གློག་འཕྲིན་ནང་བཀོད་པའི་པར་དེ་དག་བཀག་གང་ཐུབ་བྱེད་ཀྱི་ཡོད།

ད་རེས་གུ་གུལ་གྱི་ Gmail གློག་འཕྲིན་ཞབས་ཞུས་བཀའ་ངལ་དེ་དག་ལ་གདོང་ལེན་ཐུབ་པའི་དཔང་རྟགས་ཞིག་ཡིན་པ་དང་། ཁོང་ཚོས་ Gmail ནང་ཐད་ཀར་བཀོད་པའི་འདྲ་པར་ཅི་རིགས་ཡིག་གསོག་ server ལོགས་སུ་ཡོད་པ་དང་། པར་དེ་དག་ལ་དམིགས་ཀར་གྱི་དྲ་དུག་ཞིབ་བཤེར་བྱེད་ཐུབ་ཀྱི་ཡོད་འདུག །དེར་དཔེ་མཚོན་ཙམ་དུ་དངོས་ཟོག་ཁྱབ་བསྒྲགས་ཞིག་གུས་པའི་གློག་འཕྲིན་ནང་འབྱོར་ཡོད་པས་དེ་ཁ་བསྔོག་སྐབས་ཁྱབ་བསྒྲགས་ཀྱི་ཡིག་རིས་པར་རྣམས་ཐད་ཀར་འཆར་ཡོང་བ་ཡིན།

གལ་ཏེ་ཁྱེད་རང་ Gmail བེད་སྤྱོད་བཏང་མཁན་ཞིག་ཡིན་ན། མཐུན་རྐྱེན་གསར་པ་དེ་དགོས་མིན་སྐད་ཆ་དྲི་ངེས། དེ་ལྟར་མ་ཡོང་ཚེ་མཐུན་རྐྱེན་གསར་པ་དེ་ཁ་སྣོན་བྱེད་པར་གཤམ་གྱི་ལག་ལེན་གྱི་གོ་རིམ་ལྟར་བྱེད་ན་འགྲིགས།
༡༽ Gmail གློག་འཕྲིན་ཁ་ཕྱེ།
༢༽ དེ་ནས་སྟེང་གཡས་ཕྱོགས་སུ་ཡོད་པའི་ཅུས་ཟེར་གྱི་རྟགས་དེར་གནོན།
༣༽ Setting  ལ་གནོན།
༤༽ General སྡེ་ཚན་དེ་རང་གི་འོག་ཙམ་དུ་ Display images below དེ་འདེམས་དགོས།
༥༽ མཐའ་མ་འོག་འོག་གི་ Save Changes ལ་གཅིག་གནོན་ན་འཐུས།

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།