Google Web Designer (Beta)

HTML-5 དང་ CSS3 གཉིས་ཁོ་ནས་དྲ་ཚིགས་ངོས་སུ་འགུལ་རིས་བཟོ་བྱེད་ཀྱི་མཉེན་ཆས་གསར་པ་དེ་ནི་གུ་གུལ་ཚོང་སྡེས་གསར་གཏོད་བྱེད་པ་ཞིག་ཡིན། མཉེན་ཆས་དེ་ནི་ད་ལྟ་ཚོད་ལྟའི་ (Beta Version) ཐོག་ཡོད་ཀྱང་མི་མང་པོས་མཉེན་ཆས་དེར་དགའ་མོས་བྱུང་ཡོད་པ་མ་ཟད། ད་ལྟ་དང་མ་འོངས་གཉིས་ཀར་དྲ་རྒྱའི་སྒྲིག་སྲོལ་ HTML5 དང་ CSS3 ནང་གལ་གནད་ཅན་ཞིག་ཆགས་ཐུབ་པའི་སྔོན་དཔག་བྱེད་ཡོད། ད་ལྟའི་ཆར་མཉེན་ཆས་དེའི་དམིགས་འདུན་གཙོ་བོ་ནི་དྲ་ཚིགས་ཁག་ཏུ་འགུལ་རིགས་ཀྱི་པར་རམ་ཁྱབ་བསྒྲགས་ཆུང་ཆུང་དེ་འདྲ་བཟོ་ཆེད་ཡིན། དེ་སྔ་འགུལ་རིགས་ཀྱི་པར་དང་ཁྱབ་བསྒྲགས་རྣམས་མང་ཆེ་བ་ Flash དང་ Javascript , Java མཉེན་ཆས་དྲ་མིན་སྤྱད་དགོས་པ་དང་། དྲ་ཚིགས་ཡག་པོ་མཐོང་དགོས་ཚེ་ Flash Player དགོས་པ་དང་། Shockwave Player, དེ་དང་དེ་མིན་གྱི་ཟུར་དུ་ཁ་སྣོན་གྱི་མཉེན་ཆས་མང་པོ་ཞིག་ཚང་དགོས་ཀྱི་ཡོད། དེ་མིན་དྲ་ཚིགས་ངོས་ཀྱི་འགུལ་རིས་དེ་དག་བལྟ་མི་ཐུབ།

HTML5 དང་ CSS3 གཉིས་ནི་དྲ་ཚིགས་བཟོ་བཀོད་ཀྱི་ཚད་ལྡན་སྒྲིག་སྲོལ་གསར་ཤོས་དེ་ཡིན་པ་མ་ཟད། དེ་གཉིས་མཉམ་རུབ་ཀྱི་དྲ་ཚིགས་ཀྱི་བཟོ་བཀོད་ཀྱི་སྤུད་ཚད་གོང་དུ་གཏོང་བ་དང་། དེ་མིན་ཁྱད་ཆོས་མང་དག་ཞིག་ཡོད། དེར་བརྟེན་HTML5 དང་ CSS3 ཆ་ཚང་ཤེས་མཁན་ཞིག་ཡིན་ཕྱིན། དྲ་ཚིགས་ངོས་སུ་འགུལ་རིས་ཀྱང་བཟོ་མཆོག །HTML5 དང་ CSS3 གཉིས་ཀྱིས་བཟོས་པའི་འགུལ་རིས་དེ་དག་ལ་ཆ་མང་པོའི་ཐད་ཁྱད་དུ་འཕགས་པ་ཞིག་ཡོད། དེ་ཡང་གློག་ཀླད་དང་། ལག་ཐོག་ཁ་པར། Tablet སོགས་གང་གི་ནང་དུ་ཁ་ཕྱེ་ཐུབ་པ་མ་ཟད། འགུལ་རིས་དེ་དག་བལྟ་བར་ FlashPlayer སོགས་གང་ཡང་དགོས་ཀྱི་མེད། དུས་རྒྱུན་ Flash སྤྱད་དེ་བཟོས་པའི་ཡིག་ཆ་ལས་ལྡབ་ ༨༠ ཙམ་ཆུང་བ་ཡོད།

མཉེན་ཆས་དེ་ནི་ད་ལྟ་ཚོད་ལྟའི་ཐོག་ཡོད་པས་  Flash མཉེན་ཆས་ལྟར་བཟོ་བཀོད་ཀྱི་འདེམས་ག་མང་པོ་ཞིག་མེད་པས་ཡར་རྒྱས་བཏང་གཞི་མང་པོ་ཡོད། འོན་ཀྱང་ངའི་བསམ་པར་རྗེས་མའི་ཐོན་རིམ་དེའི་ནང་ཏན་ཏན་དྲག་ཏུ་འགྲོ་རྒྱུ་ཉག་གཅིག་ཡིན། Google Web Designer (Beta) མཉེན་ཆས་དེ་ནི་རང་ཉིད་ཀྱི་རྩིས་འཁོར་ནང་ཐད་ཀར་བླུགས་ན་འགྲིགས། དྲ་ཚིགས་ཨ་མ་ནི་ https://www.google.com/webdesigner/ དེར་འགྲེལ་བཤད་རྒྱས་པ་དང་མཉེན་ཆས་ཕབས་ལེན་བྱེད་ཐུབ། གལ་ཏེ་བེད་སྤྱོད་བཏང་སྟངས་ཤེས་དགོས་ན་ youtube དྲ་ཚིགས་ངོས་སུ་འཚོལ་བཤེར་བྱེད་དང་སློབ་སྟོན་གྱི་གློག་བརྙན་མི་ཉུང་བ་ཞིག་རག་ངེས།

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།