དྲ་ལམ་པར་བཟོའི་ཞབས་ཞུ་ལེགས་ཤོས། PIXLR.com

དེ་སྔོན་ངས་ “FOTOR for Every Photo Editing” ཞེས་པའི་བརྗོད་བྱའི་འོག་དྲ་ལམ་པར་བཟོའི་ཞབས་ཞུ་ ( http://www.fotor.com )ཞིག་ཁྱེད་རྣམས་ལ་ངོ་སྤྲོད་བྱས་ཡོད། ཀློག་པ་པོ་མང་པོས་དགའ་མོས་དང་ཕན་ཐོག་བྱུང་བའི་སྐོར་འཁོད་འདུག་ལ་ཡང་ཀློག་པ་པོ་རེ་གཉིས་ཀྱིས་དྲ་ཚིགས་དེའི་ཐོག་རང་ཉིད་ཀྱི་པར་ཡར་བཅུག་ (upload) བྱེད་སྐབས་དུས་ཡུན་ཧ་ཅང་རིང་པོ་འགོར་བའམ་ཁ་མི་ཕྱེ་བའི་དཀའ་ངལ་བྱུང་སྐོར་འཁོད་འདུག་པ་དངོས་བདེན་རེད་འདུག །དེར་བརྟེན་ད་རེས་འདིར་དྲ་ལམ་ཐོག་པར་བཟོའི་ཞབས་ཞུ་ལེགས་ཤོས་སུ་བརྩི་བའི་ www.PIXLR.com ཞེས་པའི་དྲ་ཚིགས་དེ་ངོ་སྤྲོད་ཞུ་འདོད་བྱུང་།

PIXLR.com དང་  དེ་སྔོན་ངོ་སྤྲོད་བྱེད་ཟིན་པའི་ FOTOR.com དྲ་ཚིགས་དེ་གཉིས་ནི་དྲ་ལམ་རྒྱུད་རང་ཉིད་ཀྱི་པར་རྣམས་བཟོ་བཅོས་བྱེད་ས་ཞིག་ཡིན། དྲ་རྒྱའི་ཐོན་རྐྱེན་ཡོད་ན་དེ་གས་འཐུས་པ་ལས་དམིགས་བསལ་གྱི་མཉེན་ཆས་གང་ཡང་མི་དགོས། དེ་གཉིས་ཀྱི་དམིགས་ཡུལ་གཅིག་མཚུངས་ཡིན་ཡང་དྲ་ཚིགས་དེ་གཉིས་ཀྱི་ཁྱད་ཆོས་དང་ནུས་པ། བཟོ་བཅོས་བྱེད་སྐབས་མྱུར་ཚད་དང་། འདེམས་ཀ་སོགས་ལ་ཁྱད་པར་ཆེན་པོ་འདུག །མདོར་བསྡུས་ནས་བཤད་གུས་པས་ཚོད་ལྟ་བྱེད་པའི་རྒྱུད་ PIXLR.com དེ་ལྡབ་འགྱུར་གྱིས་ལེགས་པ་འདུག །གཤམ་ལ་ངས་ PIXLR.com ནང་གི་ཞབས་ཞུ་ནང་གསེས་གསུམ་འདུག་པ་དེ་རེ་རེ་བྱེད་ནས་འགྲེལ་བཤད་ཏོག་ཙམ་བྱེད་འདོད།

PIXLR EDITOR

ནས་གསེས་ཞབས་ཞུ་དེ་ཧ་ལམ་ Adobe Photoshop དང་འདྲ། པར་བཟོ་ལག་ཆ་ Tools ཆ་ཚང་ཡོད་པ་མ་ཚད། Photoshop ནང་ཡོད་པའི་འདེམས་ག་ Menu  དེ་བཞིན་གཡས་ཕྱོགས་སུ་སྒྲིག་བཀོད་ Layer Panel དང་ Navigation Panel , History Panel སོགས་གང་དགོས་འཇོག་རྒྱུ་ཡོད། PIXLR Editor ཞབས་ཞུ་དེའི་སྟེང་ལས་ཀ་བྱེད་སྐབས་རང་ཉིད་ Photoshop ནང་ལས་ཀ་བྱེད་ཀྱི་ཡོད་པའི་སྣང་བ་རང་བཞིན་གྱི་ཡོང་གི་འདུག །ངའི་བསམ་པར་དྲ་རྒྱའི་རྒྱུད་ཞབས་ཞུ་ལེགས་པོ་དེ་ལྟ་བུ་ཡོད་ན་རང་ཉིད་ཀྱི་རྩིས་འཁོར་ནང་ Photoshop མཉེན་ཆས་བླུགས་དགོས་པའི་དགོས་པ་དེ་ཙམ་མིན་འདུག་སྙམ།

ཚོད་ལྟ་བྱེད་པའི་རྒྱུད་ PIXLR EDITOR ནང་བོད་ཡིག་བཏགས་པའི་སྐབས་བརྩེགས་འདོགས་ཀྱི་དཀའ་ངལ་གང་ཡང་མེད་ཁར་དེང་གི་ Unicode ནང་བཟོས་པའི་སྨོན་ལམ་ཡིག་གཟུགས་དང་། Himalaya ཡིག་གཟུགས་བཅུ་པོ། Qomolangma ཡིག་གཟུགས་བཅུ་སོགས་བོད་ཡིག་ཡིག་གཟུགས་ཆ་ཚང་བཀོལ་སྤྱོད་བྱེད་ཐུབ་ཀྱི་འདུག །དེར་བརྟེན་བོད་ལུགས་ཀྱི་མཛེས་བཀོད་དང་པར་རིས་བཟོ་དགོས་བྱུང་ན་སྣང་དག་མེད་འདུག

PIXLR EXPRESS

ཞབས་ཞུ་དེའི་ནང་དང་པོ་རང་ཉིད་ཀྱི་པར་གཅིག་ཡར་བཅུག་(upload) དགོས། དེ་བྱེད་པར་དུས་ཚོད་གང་ཡང་འགོར་གྱི་མིན་འདུག །དེ་ནས་པར་ཁ་ཕྱེ་ཚར་བ་དང་ཚོན་ཁྲ་དང་། གདངས། དཀར་ཆ། ཆེ་ཆུང་འབྲེགས་གཏུབ། དེ་བཞིན་པར་ཀྱི་སྒང་དུ་འཇོག་རྒྱུའི་རི་མོ་བརྒྱ་ཕྲག་ལྷག་འདེམས་རྒྱུ་འདུག །དེ་ནི་རང་ཉིད་ཀྱི་འདོད་མོས་དང་ལྟར་ཚོད་ལྟ་བྱེད་ན་ལས་ལྷ་པོའི་ངང་ཤེས་ངེས།

PIXLR O-MATIC

དེ་ནི་པར་གྱི་འོད་གདངས་སྙིང་རྗེ་བ་དང་ལེགས་གྲས་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ཡོད་པ་དང་། འོད་གདངས་ཀྱི་འགྲོ་ལུགས་དེ་དག་རང་ཉིད་ཀྱི་པར་གང་ཞིག་ཐོག་སླེབས་ཐུབ་པའི་འདེམས་ག་ཞིག་ཡིན། དེར་རང་ཉིད་ཀྱིས་དཀའ་ལས་མང་པོ་བརྒྱབ་མི་དགོས་པར་རང་ཉིད་ཀྱི་པར་རྣམས་ལ་མཐོང་སྣང་མི་གཅིག་པ་མང་པོ་བཟོ་ཡས་ཡོད། དཔེར་ན། ཉེ་ཆར་བརྒྱབ་པའི་པར་ཞིག་ PIXLR O-MATIC ནང་བཟོ་བཅོས་བརྒྱབ་རྗེས། པར་དེ་དུས་ཚོད་ཧ་ཅང་རིང་པོའི་གོང་དུ་བརྒྱབ་པ་དང་དེ་གསལ་ལ་མི་གསལ་ཆགས་པ་འདྲ་པོ་བཟོ་རྒྱུ་ཡོད།

པར་བཟོའི་དྲ་ཚིགས་ལེགས་པོ་དེ་རང་ཉིད་ཀྱི་ android ལག་ཐོག་ཁ་པར་ནང་བཅུག་རྒྱུ་ཡང་འདུག དྲ་ཚིགས་ཨ་མ་ www.pixlr.com ལ་གཟིགས་ནས་ཕབས་ལེན་བྱེད་ན་འགྲིགས།

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།