The Myth 2010

འཁྲབ་གཞུང་གི་ནང་དོན་སྙིང་བསྡུས།

འཁྲབ་སྟོན་མི་སྣ་གཙོ་བོ་ དབྱི་ཞོ་ཁྲོན་ (Yi Xiaochuan) ལ་གཡང་ཊི་ནག་པོ་ཞིག་རྙེད། གཡང་ཊི་དེ་སྐེར་བཏགས་པ་དང་བྲང་ངོས་སུ་དེའི་པར་རྗེས་ཆགས། དེ་དང་དུས་མཚུངས་ཁོང་གི་གཅེན་པོ་ ཡི་ཏ་ཁྲོན་(Yi Dachuan) ས་སྔོག་འཚོལ་ཞིབ་ཞིབ་འཇུག་བྱེད་པའི་སྐབས་ལོ་ངོ་ ༢༠༠༠ ལྷག་གི་གཏེར་སྒམ་ཞིག་རྙེད། དབྱི་ཞོ་ཁྲོན་ གྱིས་རང་གི་གཡང་ཊི་དེ་སྤྱད་དེ་གཏེར་སྒམ་དེ་ཁ་བསྔོགས་སྐབས་ཁོ་དང་ཁོ་བོ་གྲོགས་པོ་ ཀོ་ཡོ་ (Gao Yao) གཉིས་ཆིང་རྒྱབས་རབས་ཀྱི་དུས་སྐབས་སུ་འབྱོར།

འདས་པའི་དུས་རབས་ནང་།

ཞོ་ཁྲོན་ལ་འདས་པའི་དུས་རབས་ནང་གི་མི་སྣ་གྲགས་ཅན་ ཤང་དབྱུས་ (Xiang Yu) དང ལའུ་སྤང་ (Liu Bang) དང་འཕྲད་ནས་གནའ་གྲོགས་བསྒྲིགས། ལམ་བར་དུ་ཆིང་གི་དམག་དཔོན་ མཱིང་ཐན་ (Meng Tian) དང་འཕྲད། མཱིང་ཐན་གྱིས་ ཞོ་ཁྲོན་ ནི་རང་ཉིད་ཀྱི་གཅུང་པོ་ མཱིང་དབྱི་ (Meng Yi) ཡིན་བཞག་བརྩིས། རྒྱུ་མཚན་ནི་ ཞོ་ཁྲོན་གྱི་བྲང་ངོས་སུ་ཡོད་པའི་གཡང་ཊི་ནག་པོའི་པར་རྗེས་ནི་ མཱིང་ གི་ཁྱིམ་རྒྱུད་ལས་མེད་པ་དང་། ཁོ་བའོ་གཅུང་པོ་ མཱིང་དབྱི་ (Meng Yi) དེ་སྔ་ལོ་མང་པོའི་ནང་བརླགས།

ཞོ་ཁྲོན་ལ་ ཐཱུ་ཨན་གྱི་སྲས་མོ་ ཡུ་ཧྲུ་ (Yushu ) དང་འཕྲད་ནས་ཁོང་གཉིས་བརྩེ་གདུང་གི་མྱུ་གུ་ཐོག་མར་འགོ་བཙུགས། འོན་ཀྱང་བརྩེ་གདུང་གསར་པ་འགོ་བཙུགས་མ་ཐག་ ཞོ་ཁྲོན་དང་སྲས་མོ་ ཡུ་ཧྲུ་ གཉིས་མཉམ་དུ་བསྡད་རྒྱུའི་རེ་བ་མེད་པ་ཆགས། རྒྱུ་མཚན་ནི་ ཐཱུ་ཨན་རྒྱལ་ཕྲན་དང་ཆིང་རྒྱལ་ཁབ་གཉིས་བར་ཞི་མཐུན་ཡོང་ཆེད་ཐཱུ་ཨན་སྲས་མོ་ཆིང་རྒྱལ་པོར་ཕུལ། དཀའ་ཚིགས་གང་ལ་ཡང་མ་ལྟོས་པར་ཞོ་ཁྲོན་གྱིས་རྒྱལ་ཁང་དུ་འཛུལ་ནས་ལྐོག་ཏུ་སྲས་མོ་ཡུ་ཧྲུ་དང་མཛའ་མཐུན་བྱས།

ཕྱོགས་གཞན་ཞིག་ལ་ཞོ་ཁྲོན་གྱི་གྲོགས་པོ་ ཀོ་ཡོ་ (Gao Yao) ལ་སྐབས་དེའི་མི་ངན་དང་དཔོན་ངན་སོགས་ཀྱི་སྡུག་རྩུབ་ཚད་ལས་རྒལ་བ་མྱངས་དགོས་བྱུང་། ཁོ་བོ་རྒྱལ་ཁང་དུ་སླེབས་པ་དང་ཉུག་རུམ་་པ་ཆགས། དེ་ལྟ་བུའི་བྱ་སྤྱོད་འོག་ ཀོ་ཡོ་ གི་སེམས་ངོས་སུ་དགྲ་ཤ་ལོན་རྒྱུ་དང་དབང་ཆ་ཐོབ་དགོས་པའི་སེམས་ངན་ཆགས། ཁོ་བོ་ཁ་ལག་གི་ལག་རྩལ་བྱང་ཆུབ་པ་དང་རྒྱལ་པོའི་གཟིགས་བསྟོད་རགས། རིམ་པས་དབང་ཆ་ཆེ་རུ་ཕྱིན་པ་དང་། དབང་ཆ་ལོག་སྤྱོད་དང་རང་ཉིད་ཀྱི་གྲོགས་པོ་ ཞོ་ཁྲོན་ གསོད་ཐབས་བྱས།

ད་ལྟའི་དུས་རབས་ནང།

ཕ་མ་གཉིས་དང་། གཅེན་པོ་ ཏ་ཁྲོན་ དགའ་རོགས་ ཀོ་ལཱན་ (Gao Lan) ཚོས་ཉིན་མཚན་དུས་དྲུག་ཏུ་ གར་སོང་ཆ་མེད་དུ་འགྱུར་བའི་ ཞོ་ཁྲོན་ དང་ ཀོ་ཡོ་ གཉིས་འཚོལ་བཞིན་ཡོད། ཁོང་ཚོས་ཡ་མཚན་ཅན་གྱི་གཏེར་སྒམ་དེ་དང་འབྲེལ་བ་ཡོད་པ་གདེང་ཚོད་རྙེད་པ་དང་དེར་དམིགས་དཀར་གྱིས་མྱུལ་ཞིབ་དང་གསང་བ་གཏོལ་ཆེད་ས་ཕྱོགས་གང་སར་འགྲོ་དགོས་བྱུང་། འོན་ཀྱང་ཡ་ཚན་ཅན་གྱི་ཅ་སྒམ་དེའི་རྒྱབ་ཏུ་ཁོང་ཚོ་གཅིག་པུ་མིན། ཅ་སྒམ་དེའི་རྒྱབ་ཏུ་ངོ་གདོང་བཀག་པའི་མི་གཞན་ཞིག་གིས་ཀྱང་ནན་པོ་བྱས་ན་ལྐོག་ལྟ་དང་ངན་བྱུས་ཤམ་བཞིན་ཡོད།

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།