hike messenger made with love in india

རྒྱ་གར་རང་གིས་བཟོ་པའི་སྤྱི་ཚོགས་འཕྲིན་འབྲེལ་ཨེཔྶ་གསར་པ་ ཧྱག་མེ་སེན་ཇར་ (hike messenger) ཟེར་བ་ཞིག་ཉེ་ཆར་བརྙན་འཕྲིན་ཐོག་ཁྱབ་བསྒྲགས་ཐེངས་ཁ་ཤས་མཐོང་བྱུང། ངས་ཐོག་མར་དེར་སྣང་འཇོག་དེ་ཙམ་མ་བྱས་པར་བཞག་ཡིན། དེའི་རྒྱུ་མཚན་ནི་དང་པོ་སྤྱི་ཚོགས་འཕྲིན་འབྲེལ་གྱི་ཨེཔྶ་དེ་འདྲ་མང་པོ་ཡོད་པ་དང་དེ་དག་གི་བྱ་ལས་ནི་ཕལ་ཆེར་གཅིག་མཚུངས་འདྲ་པོ་ཡོད། གཉིས་ནས་ང་ཚོ་བོད་མིར་མཚོན་ན་ད་ཆ་ཝི་འཕྲིན་དང་། ཌི་ཌི། ཝཊ་ཨེཔྶ་སོགས་ཀྱི་ནང་འཐིམས་ཡོད་དུས། དེ་ལས་མང་པའི་སྤྱི་ཚོགས་འཕྲིན་འབྲེལ་ཨེཔྶ་གཞན་གྱི་ནང་ཡོང་རྒྱུ་དཀའ་བ་དང་། དོ་སྣང་མི་བྱེད་བསམ་པའི་དོགས་པ་ཞིག་ངང་ཤུགས་ཀྱིས་སྐྱེ་བའི་དབང་གི་ཡིན།

འོན་ཀྱང་ཁ་སང་གློ་བུར་དུ་དེ་ལ་ཚོད་ལྟ་ཞིག་བྱས་ན་གང་ཡོད་སྙམ་སྟེ་རང་ཉིད་ཀྱི་ལག་ཐོག་ཁ་པར་ནང་སྒྲིག་འཇུག་བྱེད་དེ་བལྟ་སྐབས་གནས་ཡུལ་རྒྱ་གར་གྱི་བཟོས་པའི་ ཧྱག་མེ་སེན་ཇར་ དེ་སྤུས་ཚད་ལྡན་པ་མ་ཟད་དེའི་དམིགས་བསལ་གྱི་ཁྱད་ཆོས་མང་པོ་ཞིག་ལ་རང་བཞིན་གྱིས་ཡིད་སྨོན་དང་མུ་མཐུད་བེད་སྤྱོད་བཏང་འདོད་བྱུང་། གཤམ་ལ་ང་ཚོས་ ཧྱག་མེ་སེན་ཇར་གྱི་དམིགས་བསལ་ཁྱད་ཆོས་དེ་དག་ལ་རྒྱུད་ལོན་རོབ་ཙམ་བྱེད་ཀྱི་ཡིན། འོན་ཀྱང་གཙོ་བོ་རང་ཉིད་ཀྱི་ཁ་པར་ནང་སྒྲིག་འཇུག་བྱས་ཏེ་བལྟ་ན་དེ་བས་ལེགས་པ་མཁྱེན་ངེས་སེམས།

༡ ༽དྲ་རྒྱ་མེད་ཀྱང་འཕྲིན་ཐུང་ཐད་ཀར་བསྐུར་ཐུབ།

གཙོ་བོ་མཉེན་ཆས་བཟོ་མཁན་གྱིས་རྒྱ་གར་ནང་དྲ་རྒྱའི་གནས་འབབ་གཏན་འཁེལ་བ་ཞིག་མེད་པའི་དཀའ་ངལ་དེར་གཞིར་བཞག་པའི་ཐོག །གལ་ཏེ་དངོས་སུ་དྲ་རྒྱ་མེད་པ་འདྲ་ཆགས་པའི་དབང་དུ་བཏང་ཡང་ཁ་པར་གྱི་འཕྲིན་ལམ་རྒྱུད་གྲོགས་ཕན་ཚུན་བར་འཕྲིན་ཐུང་ SMS མུ་མཐུད་བསྐུར་ཐུབ། ཧྱག་མེ་སེན་ཇར་ནང་ཐོག་མར་དེབ་སྐྱེལ་བྱེད་པའི་སྐབས་འཕྲིན་ཐུང་རིན་མེད་(Free SMS)གྲངས་ ༢༠ དང་རྒྱ་གར་སྒོར་ ༡༠ ཐོབ་ཀྱི་འདུག །གལ་ཁྱེད་ཀྱིས་མི་གཞན་དག་ ཧྱག་མེ་སེན་ཇར་ ནང་གདེན་འདྲེན་རེ་ཞུ་ཐུབ་ན། རྒྱ་གར་སྒོར་ ༢༠ ཐོབ་ཀྱི་འདུག ། རྒྱ་གར་སྒོར་ ༥༠ གསོག་ཐུབ་པ་དང་རང་ཉིད་ཀྱི་ཁ་པར་ནང་འཛུལ་གྱི་འདུག །ཧྱག་མེ་སེན་ཇར་ཇི་ཙམ་བེད་སྤྱོད་བཏང་དེ་ཚོད་ཀྱི་འཕྲིན་ཐུང་རིན་མེད་བསྐུར་མཆོག་པའི་གྲངས་ཡང་འཕར་འགྲོ་གི་འདུག །ངའི་བསམ་པར་རྒྱ་གར་ནང་གནས་བསྡོད་བྱེད་མཁན་ལ་དམིགས་བསལ་གྱི་མཁེ་ཕན་དང་བེད་སྤྱོད་ཡག་པོ་ཞིག་འདུག

༢ ༽སྒེར་གྱི་བདེ་སྲུང་།

ང་ཚོས་རྒྱུན་གཏན་འཚོ་བའི་ནང་མཐོང་ཐོས་མྱོང་གསུམ་བྱུང་བའི་རྩོམ་ཆོས་མང་དག་ཞིག་སྤེལ་གྱི་ཡོད་པ་དང་། སྐབས་རེ་བཤད་དགོས་པ་དང་བཤད་མི་དགོས་པའི་སྐད་ཆ་ཡང་མང་དག་ཞིག་ཡོད། དེར་བརྟེན་ཧྱག་མེ་སེན་ཇར་གྱིས་སྒེར་གྱི་གནས་ཚུལ་གཞན་གྱིས་ཇི་ལྟར་སྟོན་འདོད་ཡོད་མེད་ཀྱི་འདེམས་ཀ་བཟོས་ཡོད་པ་དང་། དེ་ཡིས་དོ་དག་སྒེར་སོ་སོའི་བདེ་སྲུང་གི་ཆེད་དུ་ཡིན།

༣ ༽ཡིག་ཆ་སྣ་ཚོགས་ཕན་ཚུན་བསྐུར་ཐུབ།

ད་བར་སྤྱི་ཚོགས་འཕྲིན་འབྲེལ་གཞན་ལ་མེད་པའི་ཁྱད་ཆོས་དམིགས་གསལ་བ་ཞིག་ནི། ཧྱག་མེ་སེན་ཇར་རྒྱུད་ནས་གྲོགས་ཕན་ཚུན་བར་སྐད་དང་། པར། mp3 གཞས། གློག་བརྙན། དེ་བཞིན་ཡིག་ཆ་ཅི་རིགས་(དཔེར་ན། .doc དང་ .ppt, .xle, tiff སོགས་)བསྐུར་ཐུབ་པ་དང་། དུས་གཅིག་ལ་ཁྱོན་བསྡོམས་ཚད་ 100MB ཡིན། དེ་ནི་ད་བར་སྤྱི་ཚོགས་འཕྲིན་འབྲེལ་སུ་གང་གིས་བཟོ་ཐུབ་མེད་པ་དེ་ཡིན།

༤ ༽ལག་ཐོག་ཁ་པར་ཚང་མའི་ནང་ཨེཔྶ་དེ་འཇུག་ཐུབ།

ཧྱག་མེ་སེན་ཇར་ཐོག་མར་ཕྱི་ལོ་ ༢༠༡༢ ཟླ་མཇུག་ཙམ་ནས་འགོ་བཙུགས་ནས་ད་ཆ་མི་འབོར་ས་ཡ་ཉི་ཤུ་ཟིན་གྱི་ཡོད་འདུག །ཧྱག་མེ་སེན་ཇར་ཨེཔྶ་དེ་ད་ཆ་ལག་ཐོག་ཁ་པར་གསར་རྙིང་ཅི་རིགས་ནང་ཕབས་ལེན་དང་སྒྲིག་འཇུག་བྱེད་ཐུབ། ངའི་བསམ་པར་དེ་ནི་གཙོ་བོ་རྒྱ་གར་ནང་ལག་ཐོག་ཁ་པར་རྙིང་པ་བེད་སྤྱོད་བྱེད་མཁན་བརྒྱ་ཆ་ཕོན་ཆེན་པོ་དེ་དག་ལ་དམིགས་རེད་སེམས།

༥ ༽ དེ་ནས་བོད་ཡིག
གུས་པས་ Karbonn rooting བྱས་པའི་ལག་ཐོག་ཁ་པར་དང་ Samsung གཉིས་ནང་བོད་ཡིག་བརྒྱག་ཐུབ་པ་དང་། ཀློག་ཐུབ་ཀྱི་འདུག །དེ་མིན་གྱི་ཁ་པར་གཞན་གང་གི་ནང་ཡོང་མིན་ཀློག་པ་པོ་གཤམ་གྱི་མཆན་བཀོད་སའི་ནང་ངེས་པར་དུ་ངོ་སྤྲོད་གནང་རོགས་ཞུ།

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།