ཨང་རིམ་དང་པོ། ཨན་ཌོ་ཀིཊ་ཀེཊ་ 4.4

གུ་གུལ་གྱིས་ཉེ་དུས་དཔྱད་ཞིབ་ཅིག་བྱེད་པའི་སྙན་ཐོའི་ནང་ཨན་ཌོའི་ཐོན་རིམ་རིམ་པ་མང་པོ་བྱུང་བའི་ནང་བེད་སྤྱོད་བྱེད་བཞིན་པའི་བརྒྱ་ཆ་མཐོ་ཤོས་ནི་ཨན་ཌོ་ 4.4 ཀིཊ་ཀེཊ་ (Android 4.4 Kitkat) ཡིན་པ་གྲགས་ཡོད། དཔྱད་ཞིབ་དེ་ནི་ཨན་ཌོ་2.2 ཡན་ཆོད་ནས་བརྩིས་པ་དང་། དཔྱད་གཞི་འཛིན་ས་ནི་གུ་གུལ་གྱི་མཉེན་ཆས་ཕབས་ལེན་ལྟེ་གནས་ Google Playstore ཡིན་འདུག

ཉམས་ཞིབ་པས་བཤད་དོན། ད་ལྟའི་ཆར་ ཀིཊ་ཀེཊ་ 4.4.x (Kitkat) བེད་སྤྱོད་བྱེད་མཁན་ 33.9% ཟིན་ཡོད་པ་དང་དེ་སྔོན་གྱི་ ཇེ་ལི་བྷིན་ (JellyBean) ཐོན་རིམ་དེ་དག་ལས་ཚད་གཞི་མཐོ་བ་སླེབས་ཐུབ་འདུག་ཟེར། ཇེ་ལི་བྷིན་ 4.1.x བེད་སྤྱོད་བཏང་མཁན་ 21.3% དང་། ཇེ་ལི་བྷིན་ 4.2.x བེད་སྤྱོད་བཏང་མཁན་ 20.4% །ཇེ་ལི་བྷིན་ 4.3 བེད་སྤྱོད་བཏང་མཁན་ 7.0% །ཨྱ་སི་ཁི་རིམ་ སེན་ཌི་ཝི་ཆི་ 4.0.3-4.0.4 (Ice-cream Sandwich) བེད་སྤྱོད་བཏང་མཁན་ 7.8% །ཇིན་ཇར་བེ་རི་ཌི་ 2.3.3 -2.3.7 (Gingerbread) བེད་སྤྱོད་གཏོང་མཁན་ 9.1% ། ཧྥེ་རི་ཡོ་ 2.2 (Froyo) བརྒྱ་ཆ་ 0.8% ཟིན་ཡོད་འདུག

ད་ལྟའི་ཆར་ཨན་ཌོ་ཐོན་རིམ་གསར་ཤོས་ནི་ ཨན་ཌོ་ 5.0 ཐོན་ཡོད།  ཨན་ཌོ་ 5.0 ལ་གུ་གུལ་གྱིས་ ལོ་ལི་པོབ་ (Lillipop) ཅེས་མིང་བཏགས་ཡོད། ཉམས་ཞིབ་པས་ཚོད་དཔག་བྱེད་ན་ལོ་ཤས་ནང་ ལོ་ལི་པོབ་ འདི་ཚོང་རྭའི་ཐོག་རྒྱུག་ཆེ་རུ་འགྲོ་རྒྱུ་ཉག་གཅིག་དང་། ལག་ཐོག་ཁ་པར་མང་པོ་ཞིག་ལ་ ལོ་ལི་པོབ་ཀྱི་མཉེན་ཆས་སྒྲིག་འཇུག་བྱེད་འགོ་ཡང་བཙུག་བཞིན་ཡོད་ཟེར།

ཨན་ཌོའི་ཐོན་རིམ་ཁག

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།